ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་སྲིད་དོན་འཇོན་ཐང་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ།
ཉེ་ཆར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་སྲིད་དོན་འཇོན་ཐང་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་ཉིང་ཁྲིའི་སློབ་ཁྲིད་ས་ཚིགས་སུ་བདེ་བླག་ངང་གཉེར་ཞིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་སྲིད་དོན་གྱི་ལས་ཀ་བྱེད་མཁན་ལས་སྒོའི་རྐང་འཛིན་པ་30ཙམ་མཉམ་དུ་འཛོམས་ཏེ། གཅིག་སྡུད་ཐོག་སློབ་སྦྱོང་བྱས་ནས་འཇོན་ཐང་ཆེ་རུ་བཏང་བ་རེད།
གསོ་སྦྱོང་བྱེད་རིང་། ཆེད་དོན་སློབ་ཁྲིད་དང་སྤེལ་རེས་བགྲོ་གླེང་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་ཅིང་། ཉིན་མོ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་གཅིག་སྡུད་ཐོག་སློབ་ཁྲིད་བྱེད་པ་དང་། མཚན་མོ་སློབ་མར་གཏན་འཁེལ་གྱི་ནང་དོན་ལ་དམིགས་ནས་གཞུང་ཡིག་དང་ཆ་འཕྲིན་གྱི་གསར་འགྱུར་གནད་བསྡུས་རྩོམ་འབྲི་བྱེད་དུ་བཅུག་ཅིང་། “སློབ་སྦྱོང་དང་། སྦྱོང་བརྡར། དཔྱད་མོལ། དག་བཅོས”བཅས་གཞི་གཅིག་ཅན་གྱི་རྣམ་པ་བརྒྱུད་ཤེས་བྱ་དག་འཇོན་ཐང་དུ་བསྒྱུར་ཐུབ་ཡོད། གསོ་སྦྱོང་མཇུག་མ་འགྲིལ་གོང“ཕྱིར་ལྟ་དང་། བསམ་ཞིབ། མདུན་སྐྱོད”བཅས་བརྗོད་དོན་གཙོ་བོར་བྱས་པའི་སྤེལ་རེས་བཞུགས་མོལ་བྱས་ཤིང་། སློབ་མ་ཚོས་གསོ་སྦྱོང་ལས་ཐོབ་པའི་གྲུབ་འབྲས་ཀྱི་མྱོང་ཚོར་དང་། ལས་ཀའི་ཞན་ཆའི་དཀའ་གནད། ལས་དོན་ལེགས་གཏོང་གི་གྲོས་འགོ་བཅས་ལ་དམིགས་ནས་སྤེལ་རེས་བྱས་པ་དེ་གཏིང་ཟབ་ལ་འཁྲུག་ཆ་དོད་པོ་ཆགས་ཡོད།
འབྲེལ་ཡོད་གསར་འགྱུར།