དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གཞིས་རྩེ་གྲོང་ཁྱེར་གྱི་མེ་ཟོན་ལྟ་སྐུལ་དང་ཁྲིམས་སྒྱུར་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སློབ་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-04

    འདི་ནི་རིགས་གཅིག་མཁས་ཅན་གྱིས་སློབ་མའི་སྣེ་ཁྲིད་ནས་ས་གནས་ས་ཐོག་ཏུ་དམར་ཁྲིད་བྱེད་བཞིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་ལྟ་སྐུལ་དང་ཁྲིམས་སྒྱུར་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། ཉིང་ལག་རུ་ཁག་གིས་སི་ཁྲོན་མེ་གསོད་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་3སློབ་ཁྲིད་བྱེད་པར་ཆེད་མངགས་གདན་དྲངས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རུ་ཆེན་ཁག་དང་གཞི་རིམ་གྱི་རོགས་སྐྱོབ་ས་ཚིགས་ཀྱི་སློབ་གཉེར་བ་52ཀྱིས་ཚོགས་ར་གཙོ་བོའི་གསོ་སྦྱོང་ནང་ཞུགས་པ་དང་། དེ་བྱིངས་འབྲེལ་ཡོད་མི་སྣས་ཡན་ལག་ཚོགས་རར་བརྙན་ལམ་བརྒྱུད་དུས་གཅིག་ཏུ་གསོ་སྦྱོང་ནང་ཞུགས་ཡོད། ད་རེས་ཀྱི་གསོ་སྦྱོང་ནང་དངོས་འཐབ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་དང་སློབ་ཚན་མདོར་བསྡུས་ལ་ནང་དོན་དོན་དངོས་དང་མཐུན་པ་ཞིག་ཡོད་པས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད།

    ཉིང་ལག་རུ་ཁག་ཏང་ཨུད་ཀྱིས་ད་རེས་ཀྱི་གསོ་སྦྱོང་དེ་གཞི་རིམ་གྱི་ཁྲིམས་སྒྱུར་དཔུང་ཁག་སྟོབས་ཆེར་གཏོང་བ་དང་ས་ཁོངས་ཧྲིལ་པོའི་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་བའི་འགག་རྩའི་བྱེད་ཐབས་ལ་བརྩིས་ནས། དེ་ཉིད་ལོ་འཁོར་གྱི་གཙོ་གནད་ལས་དོན་ནང་བཅུག་སྟེ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཆེད་དོན་ཚོགས་འདུ་འཚོགས་ནས་གསོ་སྦྱོང་གི་ཇུས་གཞིར་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ་སློབ་ཚན་བཀོད་སྒྲིག་དང་། དགེ་རྒན་སྦྲེལ་མཐུད། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་ཐད་རིམ་པ་བཞིན་དོན་འཁྱོལ་ཞིབ་ཚགས་བྱས་ཡོད།

    གསོ་སྦྱོང་གིས་གཞི་རིམ་གྱི་ཁྲིམས་སྒྱུར་འཐབ་ས་དང་པོའི་དངོས་ཡོད་དགོས་མཁོར་དམ་པོར་དམིགས་པ་དང་མེ་ཟོན་ལྟ་སྐུལ་ཞིབ་བཤེར་ཚད་ལྡན་དང་། ཁྲིམས་སྒྱུར་ཡོ་བྱད་བཀོལ་སྤྱོད་དངོས་སྦྱོང་། མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གནད་སྨིན་སོགས་ཀྱི་ནང་དོན་ལ་དམིགས་ནས་ཆེད་དོན་སློབ་ཁྲིད་དང་དངོས་ལྗོངས་སློབ་ཁྲིད་བྱས་པ་རེད། རིགས་གཅིག་མཁས་ཅན་3གྱིས་གཞིས་རྩེའི་ལྟ་སྐུལ་དོ་དམ་གྱི་ཁྱབ་ཁོངས་ཆེ་བ་དང་། ས་ཚིགས་ཁ་ཐོར་ཡིན་པ། ཁྲིམས་སྒྱུར་ཡུལ་རྣམ་རྙོག་འཛིང་ཆེ་བ་བཅས་ཀྱི་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ། སློབ་ཚན་གྱི་ནང་དོན་ཚད་རན་པོ་གཏན་འཁེལ་བྱས་ནས་ལས་ཀའི་འགག་གནད་ལ་གནད་འཁེལ་ཡོང་བ་བྱས་ཡོད། གསོ་སྦྱོང་ནང་ཞུགས་མཁན་ཚང་མས་གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ་དང་། ཞན་ཆར་དམིགས་ནས་སློབ་སྦྱོང་བྱེད་པ། སློབ་ཁྲིད་ནང་དོན་ཞིབ་ཚགས་སྦྱོང་བ་བཅས་མཐའ་འཁྱོངས་ཀྱིས་རང་འགུལ་ངང་རིགས་གཅིག་མཁས་ཅན་ལ་བཀའ་སློབ་ཞུ་བ་དང་། བཀོལ་སྤྱོད་སྤེལ་རེས་ནང་ཧུར་ཐག་ཞུགས་པ། སྔོན་ཐོན་གྱི་འདུ་ཤེས་དང་། ཆེད་ལས་ཀྱི་བྱེད་ཐབས། དངོས་འཐབ་རྩལ་ནུས་སེམས་ལ་ཟུག་པར་བྱས་ནས། གཞི་རིམ་གྱི་མེ་ཟོན་ཁྲིམས་སྒྱུར་དང་། བཅོས་སྐྱོང་སྔོན་འགྲོ འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བཅས་ཀྱི་ཕྱོགས་བསྡུས་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།