པར་རིས་གསར་འགྱུར།

འདི་ནི་དངོས་འཐབ་ནང་སྦྱོང་བྱ་ཡུལ་ཡིན་པ།
ཉེ་ཆར། “2026ལོར་ས་མཐོར་ཤར་གཏོང”ཞེས་པའི་བོད་ཀྱི་འབྲུབ་འགོག་གེགས་སེལ་གྱི་འཕྲལ་སྡོམ་འཕྲིན་གཏོང་མཉམ་འབྲེལ་དངོས་སྦྱོང་ལྷ་སར་བྱས་ཤིང་། ད་ཐེངས་ཀྱི་དངོས་འཐབ་ནང་སྦྱོང་དེ་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་གཙོ་གཉེར་དང་ལྗོངས་ནང་ཁུལ་གྱི་འཕྲིན་གཏོང་ཁེ་ལས་ཀྱིས་གཉེར་རོགས་བྱས་པ་ཞིག་རེད།
ད་ཐེངས་ཀྱི་ནང་སྦྱོང་ནང་ཆུ་ལོག་གིས་རྐྱེན་པས“འགྲོ་ལམ་འགག་པ་དང་། གློག་ཆད་པ། དྲ་བ་ཆད་པ”བཅས་གསུམ་གྱི་གནོད་འཚེར་དམིགས་ནས། ལྗོངས་རྣམ་ཆེན་པོ་བཞི་དང་དངོས་སྤྱོད་སློབ་ཚན་14བཀོད་སྒྲིག་བྱས་པ་དང་། འཕྲིན་གཏོང་དང་། མེ་ཟོན། འགྲིམ་འགྲུལ་སོགས་སྡེ་ཚན་མང་པོ་གཅིག་སྡུད་ཀྱིས་དྲ་བ་མྱུར་བཟོ་བྱས་ཏེ་ལས་རིགས་བརྒལ་ནས་མཉམ་དུ་ཐག་གཅོད་བྱེད་པའི་ནུས་པར་ཞིབ་བཤེར་བྱས་པ་དང་། ས་གནས་ས་ཐོག་ཏུ་ས་མཐོའི་ཆེད་སྤྱོད་འཕྲལ་སྡོམ་འཕྲིན་གཏོང་སྒྲིག་ཆས་མང་པོ་དུས་མཉམ་དུ་འགྲེམས་སྟོན་བྱས་ནས་ས་མཐོའི་འཕྲིན་གཏོང་འགན་ལེན་གྱི་ཞན་ཆ་བསལ་ཡོད།
འབྲེལ་ཡོད་གསར་འགྱུར།