ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་གཏུག་པ་ཡག་ཤོས་བཅུ་དང་ཕུལ་བྱུང་གཞུང་གཏུག་པའི་ལས་སྒོའི་འགྲན་བསྡུར་སྐབས་ལྔ་པ་གཉེར་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་གཏུག་པ་ཡག་ཤོས་བཅུ་དང་ཕུལ་བྱུང་གཞུང་གཏུག་པའི་ལས་སྒོའི་འགྲན་བསྡུར་སྐབས་ལྔ་པ་གྲུབ་འབྲས་ལྡན་པའི་ངང་གཉེར་བ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དེ་ཉེས་དོན་ལས་སྒོའི་ཡིག་རྒྱུགས་དང་། ཉེས་དོན་ལས་སྒོའི་རྩོད་ལན། ཉེས་དོན་ཞིབ་དཔྱོད་ཀྱི་ཐབས་ཇུས་གླེང་བ། འདྲ་བཟོས་ཁྲིམས་རའི་རྩོད་གླེང་། མཐའ་བསྡུར་གྱི་རྩོད་གླེང་བཅས་ལྷུ་ཚིགས་ཆེན་པོ་ལྔ་བཀོད་སྒྲིག་བྱས་ནས་ཞིབ་དཔྱོད་དཔོན་གྱིས་དཔང་རྟགས་ལ་ཞིབ་བཤེར་བྱེད་པ་དང་། བཅའ་ཁྲིམས་སྤྱད་འཐུས། ཁྲིམས་རར་སྐྱོན་འདོན་ཞུ་གཏུག ཁྲིམས་འགྲེལ་གནས་ལུགས་ཤོད་པ་སོགས་ཀྱི་ལྟེ་བའི་བྱང་ཚད་མཐོ་རུ་བཏང་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིབ་དཔྱོད་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སྤུས་རྟགས་ཞིབ་ཚགས་པོས་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།