དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མངའ་རིས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིགས་པའི་གཞུང་ལུགས་ཀྱི་དངོས་སྤྱོད་ལ་ཕྱོགས་ བསྡུས་དཔྱད་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-04

    ཉེ་ཆར། མངའ་རིས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ། གསོ་སྦྱོང་མཇུག་འགྲིལ་སྐབས་རིགས་པའི་གཞུང་ལུགས་ཀྱི་དངོས་སྤྱོད་ལ་ཕྱོགས་བསྡུས་དཔྱད་ཞིབ་བྱ་རྒྱུ་སྤྱི་འདོམས་སྒྲིག་འཛུགས་བྱས་ནས། སློབ་མཇུག་འགྲིལ་བ་གཏན་འཁེལ་དང་། ཟུར་རྒྱུགས་ལེན་པ། ཞན་ཆ་གསབ་པ་སོགས་ཀྱི་བཀག་སྡོམ་དོ་དམ་གྱི་ལས་དོན་ཚད་ལྡན་དུ་བཏང་སྟེ་ཆེད་དོན་གསོ་སྦྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ཡོད།

    ད་རེས་ཀྱི་སྦྱངས་འབྲས་ལ་དཔྱད་ཞིབ་བྱེད་པ་དེ་ཡིག་རྒྱུགས་བཏང་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། ཡིག་རྒྱུགས་བཏང་ནས་ལས་དོན་བསྒྲུབ་རྒྱུར་སྐུལ་འདེད། ཡིག་རྒྱུགས་བཏང་ནས་བཀོལ་སྤྱོད་ལ་སྐུལ་འདེད་བཅས་གཏོང་བའི་ལས་ཀའི་སྟོན་ཕྱོགས་ལ་དམ་པོར་དམིགས་ཏེ། ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་བདག་སྐྱོང་གི་ལྟེ་བའི་ལས་སྒོ་དང་དངོས་འཐབ་ཀྱི་དགོས་མཁོར་གཞིགས་པའི་ཐོག མ་ལག་ལ་སྐྱོན་ཤོར་བ་སེལ་བ་དང་། དྲ་རྒྱའི་བདེ་འཇགས་འགོག་སྲུང་བྱེད་པ། ལག་བསྟར་གཞི་གཅིག་ཅན་གྱི་ལས་སྟེགས་ཚད་ལྡན་དུ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་གཙོ་གནད་སློབ་སྦྱོང་གི་ནང་དོན་ལ་དམིགས་ནས་དཔྱད་ཞིབ་ཀྱི་མ་ལག་གཉིས་ལྡན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།