དབུ་ཤོག>ཁྲིམས་ལུགས།
  • མེ་གསོད་རུ་མིས་སློབ་མར་བདེ་འཇགས་སྐོར་གྱི་སློབ་ཚན་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-04

    འདི་ནི་མེ་གསོད་རུ་མིས་བུ་བཅོལ་ཁང་དུ་བསྐྱོད་ནས་གྲོགས་པོ་ཆུང་ཆུང་ཚོར་མེ་ཟོན་བདེ་འཇགས་སྐོར་གྱི་ཤེས་བྱ་སློབ་ཁྲིད་བྱེད་བཞིན་པ།

    འདི་ནི་མེ་གསོད་རུ་མིས་སློབ་མར་མེ་གསོད་རླངས་འཁོར་གྱི་མེ་གསོད་སྒྲིག་ཆས་ངོ་སྤྲོད་བྱེད་བཞིན་པ།

    ཉེ་ཆར། ནག་ཆུ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དབྱར་གསེང་དང་བསྟུན་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“གུང་གསེང་གི་སློབ་ཚན་དང་པོ། བདེ་འཇགས་ཀྱི་རྒྱུན་ཤེས”ཞེས་པའི་བརྗོད་དོན་གཙོ་བོའི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་རིང་། དྲ་ཐོག་ནས“གུང་གསེང་གི་སློབ་ཚན་དང་པོའི”མེ་ཟོན་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་དྲན་སྐུལ་བརྙན་ཐུང་བཟོས་ཤིང་། ཁྱིམ་ཚང་གི་མེ་དང་། གློག སོལ་རླངས་སོགས་ལ་དམིགས་ནས་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་བཏང་བ་རེད།

    དྲ་ཕྱིར་རྫོང(ཆུས)ཁག་གི་མེ་གསོད་རོགས་སྐྱོབ་དཔུང་ཁག་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར་བསྐྱོད་དེ་དྲི་བ་དྲིས་ལན་དང་། སྒྲིག་ཆས་འགྲེམས་སྟོན། ལད་མོའི་ཉེན་བརྡ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་མར་ཁྱིམ་ཚང་དང་ཞིང་འབྲོག་ཁུལ་གྱི་མེ་ཟོན་བདེ་འཇགས་ཤེས་བྱ་དང་དེ་བཞིན་མེ་སྐྱོན་སེལ་བའི་འཕྲལ་སྡོམ་རྩལ་ནུས་སློབ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།