“གངས་ལྷ་མེ་ཏོག”བུད་མེད་སྐད་གཉིས་དང་བླངས་ཞབས་ཞུ་རུ་ཁག་གིས་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་ཁྱད་ལྡན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

འདི་ནི“གངས་ལྷ་མེ་ཏོག”བུད་མེད་སྐད་གཉིས་དང་བླངས་ཞབས་ཞུ་རུ་ཁག་གིས་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཤེས་བྱ་གསལ་འགྲེལ་རྒྱག་བཞིན་པ།

འདི་ནི“གངས་ལྷ་མེ་ཏོག”བུད་མེད་སྐད་གཉིས་དང་བླངས་ཞབས་ཞུ་རུ་ཁག་གིས་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཞིང་འབྲོག་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

འདི་ནི“གངས་ལྷ་མེ་ཏོག”བུད་མེད་སྐད་གཉིས་དང་བླངས་ཞབས་ཞུ་རུ་ཁག་གིས་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་བཞིན་པ།
ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་རང་སྐྱོབ་ནུས་པ་ཆེ་རུ་གཏོང་བ་དང་། མེ་ཟོན་དྲིལ་བསྒྲགས་ཀྱི་ཞན་ཆ་སེལ་བ། མེ་ཟོན་དྲིལ་བསྒྲགས་ཀྱི་མཐའ་མའི་འགག་གནད་སེལ་བ་བཅས་བྱ་ཆེད། ཉེ་ཆར། “གངས་ལྷ་མེ་ཏོག”བུད་མེད་སྐད་གཉིས་དང་བླངས་ཞབས་ཞུ་རུ་ཁག་གིས་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་དུ་བསྐྱོད་དེ“ཐོགས་མེད་འབྲེལ་གཏུག་བྱས་ཏེ་སེམས་པ་འབྲེལ། མེ་ཟོན་ཤེས་བྱ་ཁྱིམ་དུ་ཁྱབ་གདལ་བཏང”ཞེས་པའི་ཁྱད་ལྡན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།