ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱིས་སྙིང་ཉེའི་ཞབས་ཞུ་བསྒྲུབས་པར་མང་ཚོགས་ཀྱིས་གོས་དར་ཕུལ་ནས་ཐུགས་རྗེ་ཆེ་ཞུས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་ཞིག་གི་མི་ལུས་གནོད་སྐྱོན་སྐྱིན་གསབ་ཀྱི་རྩོད་གཞིའི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་ཞིག་ཐག་གཅོད་ནུས་ལྡན་བྱས་ཏེ། ཆེད་ལས་དང་གཅེས་སེམས་ཀྱི་བཅའ་ཁྲིམས་ཞབས་ཞུར་བརྟེན་ནས་དམིགས་བསལ་ཚོགས་སྤྱིའི་སེམས་ཁྲལ་དང་དཀའ་ངལ་བསལ་བར་མང་ཚོགས་ཀྱིས་གོས་དར་ཕུལ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
དོ་བདག་ཁོང་འགྲིམ་འགྲུལ་ལས་འཛོལ་རྐྱེན་གྱིས་དབང་པོ་སྐྱོན་ཅན་དུ་གྱུར་ནས་འགྲོ་སྐྱོད་སྟབས་བདེ་མེད་པས་ཁེ་དབང་སྲུང་སྐྱོང་ཐད་དཀའ་ངལ་མང་པོ་འཕྲད། དེར་བརྟེན་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱི་སྐར་ཁུང་དུ་བསྐྱོད་དེ་བློ་འདྲི་དང་རོགས་སྐྱོར་རེ་ཞུ་བྱས་པ་རེད།
དོ་བདག་གི་རེ་ཞུ་ཤེས་རྟོགས་གང་ལེགས་བྱས་རྗེས་ལས་རེས་ཁྲིམས་རྩོད་པས་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཞུ་རང་འགུལ་ངང་མཁོ་འདོན་བྱས། གྱོད་གཞིའི་གནས་ཚུལ་དངོས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་དོ་བདག་ལ་རིན་མེད་ངང་བཅའ་ཁྲིམས་ཡིག་རིགས་འབྲི་བ་དང་གྱོད་གཞིའི་དཔྱད་གཞི་ཚད་ལྡན་དང་འཐུས་སྒོ་ཚང་དུ་བཏང་ནས་རྩོད་གཞི་འདུམ་འགྲིག་བྱེད་པར་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་མ་ཟད། རང་འགུལ་ངང་རྩོད་གཞི་འདུམ་འགྲིག་ལས་དོན་སྤེལ་ཏེ་གནས་ལུགས་དང་ཁྲིམས་ལུགས་གཉིས་ཀར་གཞི་ཚུགས་ནས་ཕྱོགས་གཉིས་ནས་ཤུགས་འདོན་པ་དང་། དོ་བདག་ཕྱོགས་གཉིས་ཀར་འབྲེལ་གཏུག་ཧུར་ཐག་བྱེད་པ། བཅའ་ཁྲིམས་འགྲེལ་བཤད་བརྒྱབ་ནས་གནས་ལུགས་གསལ་པོ་རྟོགས་པ་དང་གཟུར་གནས་མཐུན་སྦྱོར་བྱེད་པའི་ལས་དོན་ངང་རྒྱུད་རིང་པོས་སྤེལ་བ་བཅས་བྱས་མཐར་རྩོད་གཞི་རྦད་དེ་འདུམ་འགྲིག་བྱུང་ནས་གྱོད་གཞི་ཐག་གཅོད་ཡག་པོ་ཐུབ་ཡོད་པ་རེད།
དོ་བདག་དང་ཁོང་གི་གཉེན་ཉེ་ཚོ་ཐེངས་འདིའི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་གྲུབ་འབྲས་ལ་རྦད་དེ་བློ་ཡིད་ཚིམས་ནས་ཆེད་མངགས་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ལ“མང་ཚོགས་སེམས་ལ་བཅངས། དམངས་ལ་རོགས་སྐྱོར་བྱེད”ཅེས་བྲིས་པའི་གོས་དར་ཕུལ་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
འབྲེལ་ཡོད་གསར་འགྱུར།