མཚན་གུང་ལ་བཀའ་འབྱོར་འཕྲལ་མི་མེད་ལུང་སྟོང་དུ་འཚོལ་ཞིབ་ཆུ་ཚོད་བདུན་བྱས་པས་ལམ་ནོར་ཐེབས་པའི་མི་དྲུག་གཞི་ནས་རྙེད་པ།
ཟླ་7ཚེས་14ཉིན་གྱི་ཆུ་ཚོད་0དང་སྐར་མ་34ལ་དགེ་རྒྱས་རྫོང་སྤྱི་བདེ་ཅུས་ཚྭ་ཁ་ཤང་མངགས་གཏོང་ཁང་ལ་ཡུལ་སྐོར་བ་6སྒེར་འཁོར་2བཏང་ནས་སྐྱོད་སྐབས་ལམ་ནོར་ཐེབས་ནས་གནས་ཚུལ་ཛ་དྲག་པོ་ཡོད་པས་མྱུར་དུ་རོགས་སྐྱོབ་བྱོས་ཞེས་པའི་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་བ་རེད།
ཉེན་བརྡ་ནི་བཀའ་རྒྱ་དང་དུས་ཚོད་ནི་ཚེ་སྲོག་ཡིན་པས། བཀའ་འབྱོར་འཕྲལ་ཚྭ་ཁ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཆུ་ཚ་པོ་དང་། གསོ་རླུང་། སྟབས་བདེའི་བཟའ་བཅའ། རོགས་སྐྱོབ་ཐག་པ་སོགས་དངོས་ཟོག་མང་པོ་རླངས་འཁོར་ནང་བླུགས་ནས་ཐད་ཀར་མི་མེད་ལུང་སྟོང་དུ་བསྐྱོད་པ་རེད།
འཚོལ་སྐྱོབ་བྱེད་ཁོངས་དང་འཚོལ་སྐྱོབ་ལས་ཕྱོད་ཆེ་རུ་གཏོང་ཆེད། མངགས་གཏོང་ཁང་གིས་འཕྲལ་དུ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཤན་ཆེན་ཤང་མངགས་གཏོང་ཁང་དང་འབྲེལ་བ་བྱས་ནས་མཉམ་དུ་གཏོགས་ཁོངས་དེར་འཚོལ་ཞིབ་བྱས་པ་རེད།
ཞོགས་པའི་ཆུ་ཚོད་བདུན་པར་སྐྱ་མདའ་ཐོག་མར་གཏོང་སྐབས། རོགས་སྐྱོབ་རུ་ཁག་དེར་ས་ཆ་ཁོད་ཡངས་ས་ཞིག་ནས་ཡུལ་སྐོར་བ་དྲུག་པོ་གཞི་ནས་རྙེད་ཅིང་། ཁོང་ཚོར་སྐྱོན་ཆེན་པོ་མེད་པ་ཤེས་པས་མཚན་གང་ཡར་རྒྱུག་མར་རྒྱུག་བྱས་པའི་ཉེན་རྟོག་པ་ཚོ་གཞི་ནས་བློ་བདེ་པོ་བྱུང་།
ཡུལ་སྐོར་བ་དྲུག་པོ་དང་ཁོང་ཚོའི་རླངས་འཁོར་གཉིས་བདེ་འཇགས་ལམ་དུམ་ཞིག་ཏུ་བསྐྱལ་རྗེས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཚོ་གཞི་ནས་ཕྱིར་ལོག་པ་རེད།
ཉེན་ཁ་ལས་ཐར་རྗེས་ཡུལ་སྐོར་བ་ཚོས་ཆ་འཕྲིན་བསྐུར་ནས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཆ་འཕྲིན་ནང“དམངས་སེམས་བདེ་ལ་འཁོད། བཀའ་དྲིན་ཆེ”ཞེས་བྲིས་ཡོད་པ་མཐོང་བས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཚོའི་གདོང་ལ་འཛུམ་གྱིས་ཁེངས་བཞིན“བཀའ་དྲིན་ཆེ་ཞུ་མི་དགོས། མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་དགོས”ཞེས་ལན་སྟབས་བདེ་ཞིག་བཏབ་རྗེས་སླར་ཡང་ལས་ཀ་གསར་པ་བྱེད་འགོ་ཚུགས།
འབྲེལ་ཡོད་གསར་འགྱུར།