ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཚལ་ཐོ་རྣམ་པའི”ཐོག་ནས་ཁྲིམས་ལུགས་ཁྱབ་གདལ་བཏང་སྟེ་དགོས་མཁོ་སྣ་ཚོགས་བསྐངས་པ།
འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལས་དོན་དེ་ཁྲིམས་འཛིན་ཞབས་ཞུའི་གཙོ་གནད་ལས་དོན་ལ་བརྩིས་ནས་སྤྱི་འདོམས་འཆར་འགོད་དང་སྔོན་ཚུད་ནས་བཀོད་སྒྲིག་བྱས་ཤིང་། “མངགས་ཐོ་རྣམ་པའི་བཅའ་ཁྲིམས་ཁྱབ་གདལ”བཏང་བའི་ཉམས་མྱོང་ཡག་པོར་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་སྙིང་པོ་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག ཁྲིམས་འཛིན་གྱི་དབྱེ་འབྱེད་ནུས་པ་དེ་བས་ཆེ་བའི“ཚལ་ཐོ་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱས་ནས“ཚལ་ཐོས་ཁྲིད་སྟོན་དང་། མངགས་ཐོས་ཟབ་སྤེལ། གཉིས་མོས་མཉམ་འབད། གནད་སྨིན་ཁྱབ་སྤེལ”བཅས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་མ་ལག་ཅིག་བཏོད་ཡོད།
སྒྲོག་འགྲེལ་ལ་ཆེད་དོན་སློབ་ཚན་ཆེན་པོ་གཉིས་བཀོད་སྒྲིག་བྱས་པ་དང་། ཉེས་དོན་འདྲི་གཅོད་ཁྲིམས་དཔོན་གྱིས་གཙོ་ཁྲིད་ཀྱི་འགན་འཁུར་ཞིང་། སློབ་ཚན་དང་པོར“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་རྒྱུ”བརྗོད་དོན་གཙོ་བོར་བྱས་ཏེ། གྱོད་དཔེ་དང་ཟུང་འབྲེལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་བཏང་བའི་འབྲེལ་ཡོད་ཉེས་དོན་གྱི་ཉེས་མིང་རེ་རེ་བཞིན་ལ་གསལ་འགྲེལ་བརྒྱབ་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས་ཀྱི་འགན་འཁྲིར་གསལ་བཤད་གཏིང་ཟབ་བརྒྱབ་པ། གསོ་སྦྱོང་ལ་ཞུགས་མཁན་ལ་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་ཁྲིད་སྟོན་བྱས་ཡོད། སློབ་ཚན་གཉིས་པར“གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་དགོས་པར”དམ་པོར་དམིགས་ཏེ། AIལ་བརྟེན་ནས་ངོ་གདོང་བརྗེ་བ་དང་། དྲ་རྒྱའི་བུ་ལོན་གཏོང་ལེན་བྱེད་པ། ཞབས་ཞུ་བར་རྫུས་པ་སོགས་བྱ་ངན་སྤྱོད་ངན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། གློག་འཕྲིན་དང་དྲ་རྒྱའི་བྱེད་སྒོའི་བཅའ་ཁྲིམས་ཀྱི་དམར་ཐིག་གསལ་པོར་བཀོད་པ། ཁ་བསླུས་འགོག་རྒོལ་གྱི་སྔོན་བརྡའི་ཆེད་སྤྱོད་ཁ་པར་96110དང་། དེ་བཞིན་མགོ་སྐོར་འོག་ཚུད་རྗེས་ཀྱི་འཕྲལ་སྡོམ་ཐག་གཅོད་བྱ་རིམ་ཁྱབ་གདལ་བཏང་བ། གསོ་སྦྱོང་ལ་ཞུགས་མཁན་ལས་བྱེད་པར་ཁ་བསླུས་འགོག་རྒོལ་བྱེད་པའི་སྲུང་བཅད་བརྟན་དུ་གཏོང་བར་རམ་འདེགས་བྱས་ནས་ཉེན་ཁ་སྔོན་དཔག་དང་རང་བརྟེན་དོགས་ཟོན་བྱེད་ནུས་སྔར་བས་ཆེ་རུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།