དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཉིང་ཁྲི་མེ་གསོད་རུ་ཁག་གིས་རུ་ཁག་དང་ས་གནས་མཉམ་དུ་བརྗོད་དོན་གཙོ་བོའི་གུང་གཞོན་སྡེ་ཚོགས་ཀྱི་སློབ་ཚན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-21

    འདི་ནི་སློབ་མས་ཐག་པ་འཛེག་སྟངས་ཉམས་ལེན་བྱེད་བཞིན་པ།

    འདི་ནི་མེ་གསོད་རུ་མི་ཆུང་ཆུང་ལ་སྦྱོང་བརྡར་སྤྲོས་བཞིན་པ།

    འདི་ནི་སློབ་མས་མེ་གསོད་སྐོར་གྱི་བདེ་འཇགས་རྒྱུན་ཤེས་བློར་འཛིན་བཞིན་པ།

    འདི་ནི་སློབ་མས་ཐག་པ་འཛེག་སྟངས་ཉམས་ལེན་བྱེད་བཞིན་པ།

    འདི་ནི་སློབ་མས་ལྟ་སྦྱོང་བྱེད་བཞིན་པ།

    ཉེ་ཆར། ཉིང་ཁྲི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཆེན་རྫ་ཡུལ་རུ་ཆེན་གྱིས་རྫ་ཡུལ་རྫོང་སློབ་འབྲིང་དང་མཉམ་དུ“མེ་གསོད་རུ་མིས་ལང་ཚོ་རྒྱས་པར་རམ་འདེགས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་སྒར་ཁུལ་སྒོ་འབྱེད་ཉིན་མོ་དང་གུང་གཞོན་སྡེ་ཚོགས་ཀྱི་སློབ་ཚན་མཉམ་དུ་འཚོགས་པའི་བྱེད་སྒོ་སྤེལ་ཞིང་། སློབ་མ་60ལྷག་ཙམ་མེ་གསོད་སྒར་ཁུལ་དུ་བསྐྱོད་དེ་བར་ཐག་ཉེ་པོས་མེ་ཟོན་ལས་དོན་ནང་ཞུགས་པ་དང་། འཕྲལ་སྡོམ་རྩལ་ནུས་སྦྱོང་བ། ལང་ཚོའི་འགན་འཁྲི་འཁུར་སེམས་གླེང་བ་བཅས་བྱས་ནས། དབྱིངས་ཞུགས་རྣམ་པའི་མཉམ་འགུལ་སྤེལ་རེས་ཁྲོད་འཚར་ལོངས་ཡོང་བ་དང་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པར་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོར་ཡུལ་དངོས་ཀྱི་ལྟ་སྦྱོང་དང་། བདེ་འཇགས་སྐོར་གྱི་ཚན་རིག་ཁྱབ་གདལ། བསམ་བློ་ཆབ་སྲིད་སློབ་གསོ། གཞོན་ནུའི་སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་པས། རྣམ་པ་གསར་ཞིང་ནང་དོན་ཕུན་སུམ་ཚོགས་པོ་ཡོད། སློབ་མ་ཚོས་ས་གནས་ས་ཐོག་ཏུ་ལས་སྒྲུབ་རླངས་འཁོར་འཇུག་ས་དང་། གཟི་བརྗིད་མཚན་སྙན་ཁང་། ཉལ་ཁང་། སྒྲིག་ཆས་མཛོད་ཁང་སོགས་སུ་སྔ་རྗེས་སུ་ལྟ་སྐོར་བྱས་པ་དང་སྦྲགས། བཀོད་འཐབ་པའི་གཅིག་གཏད་གཅིག་གི་བརྒྱུད་རིམ་ཧྲིལ་པོའི་རོགས་པ་དང་དམར་ཁྲིད་འོག ཐག་འཁྱུད་ཡར་འཛེག་གི་ཉམས་ལེན་ལ་ཞུགས་ཏེ་ཐག་པ་སྤྱད་ནས་རོགས་སྐྱོབ་བྱེད་པའི་རྨང་གཞིའི་རྩལ་ནུས་དང་འཕྲལ་སྡོམ་རང་སྐྱོབ་ཤེས་བྱ་བརྒྱུད་རིམ་ལྡན་པའི་ངང་སྦྱངས་པ་དང་བདེ་འཇགས་རྒྱུན་ཤེས་ཐད་ཀྱི་ཞན་ཆ་ཧུར་ཐག་བསལ་ནས། རང་ངོས་ཀྱི་འཕྲལ་སྡོམ་ཐག་གཅོད་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།