གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བསྲི་ཞུ་མ་སྒྲུབ་པའི་རྩོད་གཞི་ཞིག་ཐག་གཅོད་བྱས་པ།
ཁྱིམ་སྲོལ་བཟང་ན་དམངས་སྲོལ་བཟང་། དམངས་སྲོལ་བཟང་ན་སྤྱི་ཚོགས་བདེ། རྒན་རྒོན་ལ་བསྲི་ཞུ་སྒྲུབ་རྒྱུ་ནི་བུ་ཕྲུག་གིས་འཁུར་འོས་པའི་ཁྲིམས་ལུགས་ཀྱི་འོས་འགན་ཡིན་ལ། དེ་བས་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་རྒྱུན་འཛིན་བྱེད་པའི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲོད་ཀྱི“ཞི་མཐུན”དང“མཛའ་མཐུན”གྱི་འགན་འཁྲི་ཞིག་ཀྱང་རེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“འདུམ་འགྲིག་སྔོན་འཇོག” མཐའ་འཁྱོངས་བྱས་ནས་ལོ་བརྒྱད་ཅུ་ཙམ་ལ་སླེབས་པའི་བགྲེས་སོང་ཞིག་གིས་བུ་གཉིས་ཀྱིས་བསྲི་ཞུ་མ་སྒྲུབ་པའི་རྐྱེན་གྱིས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པའི་རྩོད་གཞི་ཞིག་བདེ་བླག་ངང་འདུམ་འགྲིག་བྱས་ཏེ་ཕ་དང་བུ་གཉིས་འཆམ་ནས་ཁྱིམ་ཚང་འཆམ་མཐུན་བྱུང་བ་མ་ཟད། སྲི་ཞུ་ཡང་སྒྲུབ་ཡོད།
གྱོད་དོན་འདི་རྙོག་དྲ་ཆེ་བ་ཞིག་མིན་མོད། འོན་ཀྱང་ཁྲིམས་དཔོན་གྱིས་གྱོད་གཞིར་ཞིབ་ཚགས་བལྟས་རྗེས། རྩོད་གཞིའི་རྒྱབ་ཏུ་ལོ་མང་རིང་གི་ཁྱིམ་ཚང་གི་རྙོག་དྲ་ཡོད་པ་ཤེས། རྒན་རྒོན་དང་བུ་གཉིས་མཉམ་དུ་འཚོ་བ་བསྐྱལ་ནས་ཡུན་རིང་སོང་བས། ནང་ལས་ཙག་ཙིག་དང་འཚོ་བའི་ཐད་བསམ་བློ་གཏོང་ཕྱོགས་མི་མཐུན་པ་སོགས་རྐྱེན་ལས་འགལ་ཟླ་ཡང་སེ་ཐོན་ནས་ཕ་བུའི་དབར་གྱི་འགལ་ཟླ་ཆེ་རུ་སོང་བ་དང་། ཕ་དང་བུ་གཉིས་ལོགས་སུ་བསྡད་ཀྱང་། འགལ་ཟླ་ཞི་ཐབས་བྲལ་བས། བུ་གཉིས་ཀྱིས་ཕ་ལ་རྒྱུན་དུ་ལྟ་སྐྱོང་བྱེད་ཀྱི་མེད།
ཁྲིམས་དཔོན་གྱིས་གལ་ཏེ་ཐད་ཀར་ཁྲིམས་ར་འཚོགས་ནས་ཁྲིམས་ཐག་བཅད་ཚེ། ཁྲིམས་ལྟར་བསྲི་ཞུ་སྒྲུབ་པའི་འོས་འགན་ཁ་གསལ་བཟོ་ཐུབ་མོད། འོན་ཀྱང་ཕ་བུའི་དབར་གྱི་འགལ་ཟླ་ཇེ་སྡུག་ཏུ་འགྲོ་བ་དང་ཐ་ན་ཁྱིམ་ཚང་ཐོར་བཤིག་འགྲོ་བའི་ཉེན་ཁ་ཡོད། དེས་ན། ཁྲིམས་དཔོན་གྱིས་འདྲི་གཅོད་མ་བྱས་གོང་། སྔོན་ལ་ཕ་དང་བུ་གཉིས་ཀྱི་སར་བསྐྱོད་དེ་ཕྱོགས་གཉིས་ཀྱི་བསམ་འཆར་ཉན་པ་རེད།
ཁ་ཏ་བསླབ་བྱ་ཐེངས་མང་བྱས་རྗེས། ཕྲུ་གུ་གཉིས་ཀྱིས་རིམ་བཞིན་ནོར་འཁྲུལ་ལ་ངོས་འཛིན་ཐུབ་ནས་རང་འགུལ་ངང་ཕར་བསྲི་ཞུ་སྒྲུབ་ཀྱི་ཡིན་ཞེས་བཤད།
མཐར་ཕ་དང་བུ་གཉིས་དབར་འདུམ་འགྲིག་གི་གྲོས་མཐུན་བཞག་ནས་གསོ་རྟེན་གྱི་དངུལ་གྲངས་དང་། དུས་འཁོར། རྒྱུན་གཏན་གྱི་ལྟ་སྐྱོང་བཅས་ཁ་གསལ་བྱུང་བས་ཕ་བུ་འཆམ་མཐུན་བྱུང་ཡོད། བར་འདུམ་ཁྲོད། བཅའ་ཁྲིམས་ཐོག་ནས་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་ཐག་གཅོད་ཐུབ་ཡོད་ལ། ཕ་བུ་རྒྱུན་གཏན་ལྟར་འཆམ་མཐུན་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།