སྐྱིད་གྲོང་འགག་སྒོས་གདོང་བཤེར་མ་ལག་སྤྱད་ནས་ཀྲུང་ནེའི་མཐའ་མཚམས་ཡུལ་མིའི་ཚོང་འབྲེལ་མགྱོགས་པོ་ཡོང་བར་རམ་འདེགས་བྱས་པ།
ཉེ་ཆར། སྐྱིད་གྲོང་མཐའ་མཚམས་ཡུལ་མིའི་ཚོང་འབྲེལ་ཉོ་ཚོང་ཁྲོམ་རའི་འགག་སྒོ་སྒྲོལ་སར་ནེ་པ་ལའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་རྒྱུན་མཁོའི་བརྒྱ་ཟོག་བྱུར་བུར་བླུགས་པའི་འཁོར་གསུམ་རླངས་འཁོར་རེ་རེ་བཞིན་འགག་སྒོ་སྒྲོལ་རྒྱུར་བང་བསྒྲིགས་ནས་སྒུག་བསྡད་ཡོད། ད་ནས་བཟུང་མཐའ་མཚམས་མང་ཚོགས་ཀྱིས་ཐོབ་ཐང་ལག་ཁྱེར་སྟོན་མི་དགོས་ལ་མཛུབ་རིས་ཡང་ཡང་བཤེར་མི་དགོས་པར་མགོ་བོ་བཀྱགས་ཙམ་བྱས་ནས་པར་ཆས་ལ་བལྟས་ན་རང་ཉིད་ཀྱི་ཐོབ་ཐང་ར་འཕྲོད་ཀྱི་ཡོད། དེའང་སྐར་ཆ་གཉིས་ལས་མི་དགོས་པར་གདོང་བཤེར་ཟིན་པ་དང་སྦྲགས་དངོས་ཟོག་དབོར་འདྲེན་གྱི་རེ་ཞུ་ལེགས་གྲུབ་ཟིན་ནས་དེ་མ་ཉིད་དུ་རླངས་འཁོར་ལ་བླུགས་ཏེ་འགག་སྒོ་ལས་སྒྲོལ་ཆོག་གི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐྱིད་གྲོང་མཐའ་མཚམས་ཡུལ་མིའི་ཚོང་འབྲེལ་ཉོ་ཚོང་ཁྲོམ་རས་གདོང་བཤེར་ར་སྤྲོད་མ་ལག་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དེས་མཛུབ་རིས་དབྱེ་བཤེར་དང་ཐོབ་ཐང་ལག་ཁྱེར་སྟོན་པའི་ལོ་མང་པོའི་སྲོལ་རྒྱུན་ཞིབ་དཔྱད་བྱེད་སྟངས་ཀྱི་ཚབ་བྱས་པ་དང་། མི་གཅིག་འགག་སྒོ་སྒྲོལ་བར་དེ་སྔ་ཆ་སྙོམས་སྐར་ཆ་45འགོར་བ་དང་ད་ཆ་སྐར་ཆ་8ཀྱང་འགོར་གྱི་མེད་པས་འགག་སྒོ་སྒྲོལ་བའི་མྱུར་ཚད་མགྱོགས་ལ་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། གདོང་བཤེར་མ་ལག་སྤྱོད་འགོ་ཚུགས་ཚུན། སྐྱིད་གྲོང་མཐའ་མཚམས་ཡུལ་མིའི་ཚོང་འབྲེལ་ཉོ་ཚོང་ཁྲོམ་རས་རིམ་རྩིས་བརྒྱབ་ན་མཐའ་མཚམས་ཡུལ་མི་མི་ཐེངས་9000ལྷག་ཙམ་ལ་ཐོབ་ཐང་ཞིབ་བཤེར་བྱས་པ་དང་མི་རེའི་ཆ་སྙོམས་འགག་སྒོ་སྒྲོལ་བའི་དུས་ཚོད་80%ཡན་ཐུང་དུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།