ལྗོངས་ཡོངས་ཀྱི་དབྱར་དུས་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་གསལ་དོད་པའི་ཉེན་ཁར་ཆེད་དོན་བཅོས་སྒྲིག་བྱས་པ།
ཉེ་ཆར། ལྗོངས་ཡོངས་ཀྱི་དབྱར་དུས་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་གསལ་དོད་པའི་ཉེན་ཁར་ཆེད་དོན་བཅོས་སྒྲིག་བྱེད་པའི་བརྙན་ལམ་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་སྐུལ་སློང་བྱས་ཏེ“དབྱར་དུས་བྱ་སྤྱོད”སྤེལ་ནས་འབྲུབ་དུས་དང་དབྱར་དུས་ཀྱི་འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་འགོག་སེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། མིག་སྔ་ནི་འབྲུབ་དུས་དང་། དབྱར་གསེང་། གུང་གསེང་བཅས་གསུམ་དུས་གཅིག་ཏུ་ཁེལ་བ་དང་ལྷག་པར་དུ་གཞུང་ལམ་ཟོག་འདྲེན་གྱི་དགོས་མཁོ་ཆེ་བ་དང་། སྐྱེལ་འདྲེན་བྱེད་མང་བ། གནམ་གཤིས་ལ་འགྱུར་ལྡོག་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ལས་འཛོལ་སྔོན་འགོག་དང་བདེ་འཇགས་འགན་ལེན་ཐད་འགྲན་སློང་ཆེན་པོ་འཕྲད་ཡོད། ས་གནས་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་རྩ་འཛུགས་ཀྱི་སྐུལ་འདེད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་ལས་དོན་འགན་ལེན་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།