རང་ལྗོངས་སུ་སློབ་མའི་ཡོང་ཁུངས་ཀྱི་ཡིད་རྟོན་སློབ་སྐྱོར་དངུལ་བུན་རྫོང་རིམ་པའི་བདག་སྤྲོད་ས་ཚིགས་རྫོང(ཆུས་དང་གྲོང་ཁྱེར)74ཚང་མར་ཁྱབ་རྒྱུ་ཡིན་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་སློབ་མའི་ཡོང་ཁུངས་ཀྱི་ཡིད་རྟོན་སློབ་སྐྱོར་དངུལ་བུན་ལས་སྒོ་དེ་གྲོང་ཁྱེར་རིམ་པ་ནས་རྫོང་རིམ་པའི་བར་སྣུར་སྲིང་བྱེད་པའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཆེད། ལྗོངས་ཡོངས་ཀྱིས་ཟླ་7ཚེས་15ཉིན་ནས་བཟུང་དངུལ་བུན་རོགས་སྐྱོར་བདག་སྤྲོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ་རྫོང(ཆུས་དང་གྲོང་ཁྱེར)74རུ་རྫོང་རིམ་པའི་བདག་སྤྲོད་ས་ཚིགས་ལ་ཡོངས་སུ་ཁྱབ་རྒྱུ་རེད། མིག་སྔའི་བར་བདག་སྤྲོད་ས་ཚིགས་ཁག་གི་མི་སྣ་བཀོད་སྒྲིག་དང་། སྒྲིག་ཆས་ཚོད་སྒྲིག ལས་སྒོ་གསོ་སྦྱོང་སོགས་ཀྱི་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཤིང་། སྐབས་དེར་རང་ལྗོངས་ཀྱི་སློབ་མ་ཚོས་ཐག་ཉེ་ས་དང་སྟབས་བདེ་སར་སློབ་སྐྱོར་དངུལ་བུན་རེ་ཞུ་བྱེད་ཆོག་པས་ལས་དོན་སྒྲུབ་པར་ཧ་ཅང་སྟབས་བདེ་བསྐྲུན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།