དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་སྒོ་དབྱེ་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-21

    ཉེ་ཆར། ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གསེར་རྙེད་ཆུས་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ“ལོ་ངོ་བཞི་བཅུ་ཞིབ་དཔྱོད་ལས་ལ་གཞོལ། ལག་གདང་སྦྲེལ་ནས་འབྱུང་འགྱུར་ཕྱོགས་སུ་ཕྱོགས”ཞེས་པའི་ཞིབ་དཔྱོད་སྒོ་དབྱེའི་བྱེད་སྒོ་སྤེལ་ཞིང་། ལས་རིགས་ཁག་གི་འཐུས་མི་གདན་ཞུས་ལྟར་ཞིབ་དཔྱོད་ལས་ཁུངས་སུ་བསྐྱོད་དེ་བཅའ་ཁྲིམས་ཀྱི་མིང་ཐོག་ནས་བརྩེ་སེམས་ཆེན་པོ་གཅིག་ཏུ་སྒྲིལ་ཏེ“འབྱུང་འགྱུར”སྲུང་སྐྱོང་གི་ལས་ལ་མཉམ་དུ་གཞོལ་ཏེ་གཞོན་ནུ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱས་ཡོད།

    བྱེད་སྒོ་འགོ་ཚུགས་མ་ཐག་གདན་ཞུས་འཐུས་མི་ཚོ་གསེར་རྙེད་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་སྒྲུབ་ཞབས་ཞུ་ལྟེ་གནས་དང་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞིར་བསྐྱོད་ནས། སྤྱི་ཚོགས་རྒྱབ་སྐྱོར་མ་ལག་ལས་དོན་ཁང་སོགས་ཁྱད་ལྡན་བྱེད་ནུས་ཁུལ་དང་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་གྱོད་སྒྲུབ་ལས་དོན་ཁང་ལ་ལྟ་སྐོར་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་གྱོད་སྒྲུབ་བརྒྱུད་རིམ་དང་། ཕྱོགས་བསྡུས་ཁྲིམས་འཛིན་འགན་སྒྲུབ་བྱེད་ཐབས། ཁྲིམས་འཛིན་སྲུང་སྐྱོང“སྲུང་སྐྱོང་ཆེན་པོ་དྲུག”དང་མཉམ་འདྲེས་བྱེད་པ་སོགས་ཁྱད་ལྡན་ལག་ལེན་བརྒྱུད་རིམ་ལྡན་པའི་ངང་ཤེས་རྟོགས་བྱས་ཏེ“གཅེས་སྐྱོང་དང་། བྱམས་བརྩེ། ཐུགས་ཁུར། སློབ་གསོ”བཅས་ཀྱི་ཞིབ་དཔྱོད་གྱོད་སྒྲུབ་འདུ་ཤེས་ཏན་ཏིག་ཚོར་བ་བྱས་ཡོད།

    བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་འཐུས་མི་ཚོས་ཉེ་བའི་ལོ་གསུམ་རིང་གི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་སྤེལ་ཚུལ་དང《ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི<ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་སྐོར་གྱི་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཆེད་དོན་སྙན་ཞུའི>གྲོས་ཞིབ་བསམ་འཆར》གྱི་བརྡ་ཁྱབ་ནན་ཏན་ངང་ཉན་རྗེས། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་ཐད་དོན་དངོས་དང་མཐུན་ཞིང་གནད་ལ་འཁེལ་བ་དང་དམིགས་སའི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།