ལས་དོན་ཞིབ་ཚགས་བསྒྲུབས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་བརྩོན་ལེན་བྱེད་པ།
—— བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དམག་སྒར་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
གཞི་རིམ་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ནས་དམག་སྒར་ཚད་ལྡན་ཅན་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་ཆེད། ཉིན་ཤས་བསྟུད་མར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས“ལྗོན་ཤིང་རེ་ལ་བྱང་བུ་རེ་བསྒར་ནས་འགན་འཁྲི་གསལ་བཟོ་དང་གྱང་རེར་འགྲེམས་པང་རེ་བཟོས་ནས་ཚད་ལྡན་འགན་ལེན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་། ས་མཐོའི་དམག་སྒར་གྱི་དོན་དངོས་ལ་གཞིས་ཚུགས་པ། ཆུང་སར་དམིགས་པ་དང་མཇུག་སྣེར་ཤུགས་རྒྱག་པ། ཞིབ་ཕྲ་ཅན་གྱི་དོ་དམ་འདུ་ཤེས་དེ་དཔོན་དམག་གི་སློབ་གསོ་དང་། སྦྱོང་བརྡར། ལས་ཀ འཚོ་བ་བཅས་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱེད་པ། དོ་དམ་ཚད་ལྡན་དང་། སྤྱོད་ཚུལ་ལེགས་པ། འཐབ་ནུས་ཆེར་གཏོང་བཅས་ཀྱི་གཞི་རིམ་དམག་འཐབ་ཀྱི་བཙན་རྫོང་ཧུར་ཐག་བཏོད་ནས་དམག་སྒར་འཛུགས་སྐྲུན་ཚད་ལྡན་ཅན་དང་། ཞིབ་ཚགས་ཅན། ཚད་གཞི་ཅན་བཅས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད།
དམག་སྒར་ཞིབ་ཚགས་ཅན་གྱི་དོ་དམ་ནི་ཚད་ལྡན་ཅན་འཛུགས་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད་ལ། དཔོན་དམག་གི་སྤྱོད་ཚུལ་ལ་ཞུན་བརྡར་དང་དཔུང་ཁག་གི་མཉམ་ཤུགས་གཅིག་ཏུ་འདུས་པའི་འགག་རྩ་ཞིག་ཀྱང་རེད། དཔུང་སྡེ་དེས“རགས་ལས་རྣམ་པའི”དོ་དམ་བསམ་བློ་དོར་ནས་གནད་དོན་དང་། དམིགས་ཚད། གྲུབ་འབྲས་བཅས་ཕྱོགས་སྟོན་དུ་འཛིན་པ་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དམག་སྒར་གྱི་ཁོར་ཡུག་དང་། རྒྱུན་ལྡན་གྱི་ཚད་གཞི། སློབ་གསོ་སྦྱོང་བརྡར་སོགས་ཀྱི་ལྟེ་བའི་ལྷུ་ཚིགས་ལ་དམིགས་པ། “ངོ་རྟགས་ཆུང་ངུར”བརྟེན་ནས“ཚད་ལྡན་ཆེན་པོར”སྐུལ་འདེད་གཏོང་བ། “ཞིབ་ཚགས་ཆུང་ངུར”བརྟེན་ནས“སྤྱོད་ཚུལ་ཆེན་པོ”སྐྱེད་སྲིང་བཅས་བྱས་ཏེ། ཞིབ་ཚགས་ཅན་གྱི་དོ་དམ་རྒྱུན་ལྡན་གྱི་ལས་དོན་ཁག་ནང་མཉམ་འདྲེས་ཐུབ་པ་བྱས་ཡོད།
དཔུང་སྡེ་དེས་ས་མཐོའི་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་དམག་སྒར་དུ་ལྗོན་ཤིང་རྐང་100ལྷག་ཙམ་ལ་ཆེད་དོན་འགན་འཁྲིའི་བྱང་བུ་བསྒར་ཞིང་། ཤིང་སྣ་དང་། བདག་སྐྱོང་ཚད་གཞི། འགན་འཁུར་མཁན། གཡོག་བྱེད་བླང་བྱ་བཅས་ཁ་གསལ་བཀོད་དེ། བདག་སྐྱོང་འགན་འཁྲི་པན་ཤོག་དང་མིར་དོན་འཁྱོལ་བྱས་ནས“མི་ཚང་མར་འགན་འཁྲི་ཡོད་པ་དང་ལྗོན་ཤིང་ཚང་མར་དོ་དམ་བྱེད་མཁན་ཡོད་པའི”ལམ་སྲོལ་ཆགས་པ་བྱས་ཡོད། དེ་ལས་དམག་སྒར་གྱི་སྐྱེ་ཁམས་ལ་སྲུང་སྐྱོང་ཐུབ་པ་མ་ཟད། དཔོན་དམག་ཚོའི་འགན་འཁྲིའི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད།
སྦྱོང་བརྡར་ནི་འཐབ་ནུས་ཀྱི་ལྟེ་བ་དང་ཞིབ་ཚགས་ཅན་གྱི་དོ་དམ་ནི་སྦྱོང་བརྡར་གྱི་སྤུས་ཚད་དང་ཕན་འབྲས་ལེགས་གཏོང་གི་འགན་ལེན་ཡིན་ཞིང་། དཔུང་སྡེ་དེས་ཞིབ་ཚགས་ཅན་གྱི་འདུ་ཤེས་དམག་དོན་སྦྱོང་བརྡར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་དམག་སྒར་གྱི་འགྲོ་ལམ་གཙོ་བོར་སྦྱོང་བརྡར་གྱི་ཡོངས་བསྒྲགས་བྱང་བུ་བསྒར་ནས། དཔོན་དམག་ཚོའི་དུས་མཚམས་རང་བཞིན་གྱི་སྦྱོང་བརྡར་གྲུབ་འབྲས་དང་། དཔྱད་ཞིབ་གྲུབ་འབྲས། མཐོར་གཏོང་ཁ་ཕྱོགས་བཅས་དུས་ཐོག་ཏུ་གསར་སྒྱུར་བྱས་པས་སྦྱོང་བརྡར་གྱི་ཕན་འབྲས་དང་ཧེ་བག་ཐད་ཀར་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་དཔུང་སྡེ་དེས་ལས་དོན་ཞིབ་ཚགས་བསྒྲུབས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་བརྩོན་ལེན་བྱས་ཏེ། བྱེད་ཐབས་འཐུས་ཚང་དང་ཁྱབ་རྒྱ་ཆེར་གཏོང་གིས་གཞི་རིམ་འཛུགས་སྐྱོང་གི་རྨང་གཞི་མུ་མཐུད་བརྟན་དུ་བཏང་ནས། དམག་སྒར་ཚད་ལྡན་ཅན་གྱི་འཛུག་སྐྱོང་དང་དཔུང་སྡེའི་འཐབ་ནུས་མཉམ་དུ་མཐོར་གཏོང་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།