མཚོ་མོ་ངང་ལྷ་རིང་མོའི་མཐའ་མཚམས་བུད་མེད་བཅའ་ཁྲིམས་ཞབས་ཞུའི་ས་ཚིགས་བཙུགས་པ།
ཉེ་ཆར། རུ་ཐོག་རྫོང་མཚོ་མོ་ངང་ལྷ་རིང་མོའི་མཐའ་མཚམས་བུད་མེད་བཅའ་ཁྲིམས་ཞབས་ཞུའི་ས་ཚིགས་བཙུགས་པ་མ་ཟད་གཉེར་སྐྱོང་བྱེད་འགོ་ཚུགས། ས་ཚིགས་དེ་ནི་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྤྱི་འདོམས་དང་རྫོང་མི་དམངས་ཁྲིམས་ཁང་གིས་སྣེ་ཁྲིད་དེ་ཁྲིམས་འཛིན་དང་མང་ཚོགས་ཚོགས་པ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་མཉམ་འགུལ་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་། མཐའ་མཚམས་འབྲོག་ཁུལ་ས་ཁོངས་ཀྱི་ཁྱད་ཆོས་དང་གཞི་རིམ་བཅོས་སྐྱོང་གི་དགོས་མཁོ་དངོས་ལ་གཞི་ཚུགས་ནས། བཅའ་ཁྲིམས་ཞབས་ཞུའི་ཞན་ཆ་བསལ་ཏེ་མཐའ་མཚམས་ཀྱི་ཁྱད་ཆོས་ལྡན་པའི་གཅིག་འཐུས་རྣམ་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་རེད།
རུ་ཐོག་རྫོང་གི“མཚོ་མོ་ངང་ལྷ་རིང་མོའི་ངོགས་སུ་བཅའ་ཁྲིམས་ཀྱི་གཟི་མདངས་རབ་ཏུ་འཕྲོ་བའི”ཏང་འཛུགས་སྐྱོང་སྤུས་རྟགས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པའི་ཞབས་ཞུ་ས་ཚིགས་དེས་མཐའ་མཚམས་འབྲོག་ཁུལ་མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། བུད་མེད་ཀྱིས་ཁྲིམས་སྐྱོང་བའི་སྟོབས་ཤུགས་འཕེལ་བར་བྱས་ཡོད། བུད་མེད་དང་བྱིས་པ་དང་། དམག་མི་དང་དམག་མིའི་ནང་མི་སོགས་གཙོ་གནད་ཚོགས་སྤྱིར་གནད་སྨིན་དམིགས་ཏེ། ཆེད་མངགས་ཁེ་དབང་སྲུང་སྐྱོང་གི་ལྗང་མདོག་འགྲོ་ལམ་བཏོད་ནས་ཁྱིམ་ཚང་གཏུམ་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་དང་མི་ལུས་གནོད་འཚེ་སོགས་རེ་ཞུར་དམིགས་ཏེ་སྔོན་ལ་སྣེ་ལེན་དང་། སྔོན་ལ་འདྲི་རྟོགས། སྔོན་ལ་རོགས་སྐྱོར་བཅས་བྱས་པ་དང་ཆབས་ཅིག་རེ་ཞུ་དང་འདུམ་འགྲིག་འབྲེལ་མཐུད་མགྱོགས་མྱུར་ཐག་གཅོད་ཀྱི་ལམ་སྲོལ་བཙུགས་ནས་རྩོད་གཞི་མགྱོགས་མྱུར་ཐོ་འགོད་དང་། འདུམ་འགྲིག ཞིབ་དཔྱད་བཅས་ཀྱི་ལས་ཀ་བྱེད་སྟངས་ལ་སྐུལ་འདེད་བཏང་སྟེ་དམིགས་བསལ་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་ཕྱོགས་ཡོངས་ནས་སྲུང་གི་ཡོད།
འབྲེལ་ཡོད་གསར་འགྱུར།