དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • སྡེ་ཚན་གཉིས་ཀྱིས་དྲ་རྒྱའི་ལས་སྟེགས་ཀྱི་དང་བླངས་ཞབས་ཞུ་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་ཆ་འཕྲིན་ལ་ཆེད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-14

    ཉེ་ཆར། གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། དང་བླངས་ཞབས་ཞུའི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དྲ་ཐོག་གི་དང་བླངས་ཞབས་ཞུ་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་ཆ་འཕྲིན་ལ་གྲལ་བཤེར་གཙང་བཤེར་ཡག་པོ་བྱ་ཆེད། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡིས་2026ལོའི་ཟླ་6པའི་ཟླ་སྨད་ནས་ཟླ་8པའི་ཟླ་སྨད་བར་གྱི་དུས་ཡུན་ཟླ་གཉིས་རིང་དྲ་རྒྱའི་ལས་སྟེགས་ཀྱི་དང་བླངས་ཞབས་ཞུ་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་ཆ་འཕྲིན་ལ་གཅིག་སྡུད་ཐོག་ཆེད་དོན་བཅོས་སྒྲིག་བྱེད་པའི་གཏན་འབེབས་བྱས་པ་རེད།

    ཆེད་དོན་བཅོས་སྒྲིག་བྱེད་རིང་། དང་བླངས་ཞབས་ཞུ་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་ཆ་འཕྲིན་རིགས་7དང་། དེ་བཞིན་འབྲེལ་ཡོད་དྲ་རྒྱའི་ཨང་རྟགས་གཙོ་གནད་ཐོག་གཙང་སེལ་ཐག་གཅོད་བྱ་རྒྱུ་སྟེ། བྱེད་ཐབས་སྣ་ཚོགས་སྤྱད་ནས་དང་བླངས་ཞབས་ཞུའི་དུས་ཚད་དང་དང་བླངས་ཞབས་ཞུའི་ལག་ཁྱེར་འཚོང་བ་དང་། དང་བླངས་སྙིང་སྟོབས་ཀྱི་འབྲེལ་ཡོད་དྲིལ་བསྒྲགས་ནང་དོན་དང་འགལ་བ། སློབ་མ་དང་ཁྱིམ་བདག་གིས་གོ་ནོར་ཐེབས་སླ་བའི་འབྲེལ་ཡོད་དྲིལ་བསྒྲགས་ནང་དོན། ཚོང་དོན་གྱི་བྱེད་སྒོ་སྣ་ཚོགས་ལ་དང་བླངས་པ་བསྡུ་བའམ་ཡང་ན་གླ་ཆ་སྤྲད་དེ་བདེ་སྲུང་བ་དང་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣ་བསྡུ་བ་སོགས་བྱས་ཏེ“དང་བླངས་པ”ཡིན་ཞེས་བརྗོད་མཁན། ས་ཁོངས་དང་དང་བླངས་ཟུང་འབྲེལ་དང་ལས་རིགས་དང་དང་བླངས་ཟུང་འབྲེལ་སོགས་གཞུང་ཕྱོགས་ཀྱི་ཨང་རྟགས་ལ་བརྫུས་པའམ་འདྲ་བཟོ་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་གོ་ནོར་ཐེབས་སུ་འཇུག་པ། ཚོང་རྟགས་དང་། ཚོང་ལས་བརྡ་ཁྱབ། དེ་བཞིན་ཁེ་གཉེར་རང་བཞིན་གྱི་བྱེད་སྒོ་གཞན་དག་ཁྲོད་དང་བླངས་ཞབས་ཞུའི་མཚོན་རྟགས་སྤྱོད་པ། “དང་བླངས་པ”དང་། “དང་བླངས་ཞབས་ཞུ”“དང་བླངས་ཞབས་ཞུའི་རྩ་འཛུགས”སོགས་ཀྱི་མིང་ཐོག་ནས་དྲ་ཐོག་ཏུ་སྤེལ་བའི་སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་ལས་འགལ་བ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ནམ་ཡང་ན་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྒོའམ་གཏམ་འཆལ་སོགས་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།