དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁ་བསླུས་འགོག་རྒོལ་གྱི་དྲ་རྒྱ་ཕྱོགས་ཡོངས་ནས་ཚགས་དམ་དུ་བཏང་བ།

    སྤྱི་བདེའི་ཉེས་དོན་མྱུལ་ཞིབ་དང་ཁ་བསླུས་འགོག་རྒོལ་སྡེ་ཚན་གྱིས་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-14

    འདི་ནི་འབྲེལ་ཡོད་ལས་དོན་པས་མང་ཚོགས་ལ་ཁ་བསླུས་ཀྱི་གཡོ་ཇུས་གསལ་བཤད་བྱེད་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་རིམ་གཉིས་སྤྱི་བདེའི་ཉེས་དོན་མྱུལ་ཞིབ་དང་ཁ་བསླུས་འགོག་རྒོལ་སྡེ་ཚན་གྱིས་ཀྲུང་གོ་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་དུ“གཏམ་འཆལ་ལ་མི་ཉན་པ་དང་། ཡིད་ཆེས་མི་བྱེད་པ། ཧམ་སེམས་མི་བྱེད་པ་བཅས་ལ་བརྟེན་ནས་ཁ་བསླུས་འགོག་རྒོལ་གྱི་འཛིང་རགས་བརྟན་པོ་སྐྲུན་དགོས་པའི”དམངས་ཡོངས་ཀྱིས་ཁ་བསླུས་འགོག་རྒོལ་བྱེད་པའི་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁ་བསླུས་འགོག་རྒོལ་གྱི་དྲིལ་བསྒྲགས་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་སྣེ་ཁྲིད་བྱས་ཏེ། ཚོང་ར་དང་མང་ཚོགས་ཉེ་འགྲམ་དུ་ཁ་བསླུས་འགོག་རྒོལ་བྱ་ཡུལ་བཟོས་ནས་དམངས་ཡོངས་ཀྱིས་ཁ་བསླུས་འགོག་རྒོལ་གྱི་དྲ་རྒྱ་ཕྱོགས་ཡོངས་ནས་ཚགས་དམ་དུ་བཏང་སྟེ་མང་ཚོགས་ཀྱི“དངུལ་ཁུག”ཡག་པོ་བསྲུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།