དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ས་ཁམས་མཚོན་རྟགས་ཀྱི་ཆེད་སྤྱོད་མཚོན་རྟགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-14

    ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་ཁྱད་ལྡན་ཐོན་རྫས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུཌ་སྣོན་རྒྱག་ཆེད། ཉེ་ཆར། མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སེང་གེ་ཁ་འབབ་གྲོང་རྡལ་ཁོངས་གཏོགས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཆེད་ཚོང་ཁང་དུ་ས་ཁམས་མཚོན་རྟགས་ཀྱི་ཆེད་སྤྱོད་མཚོན་རྟགས་ལ་ཆེད་དོན་ཞིབ་བཤེར་དང་ཁྲིམས་ལུགས་ཁྱབ་གདལ་མཛུབ་ཁྲིད་བྱས་པ་རེད།

    ཆེད་དོན་ཞིབ་བཤེར་བྱེད་རིང་ཆེད་སྤྱོད་མཚོན་རྟགས་བེད་སྤྱོད་དང་། ཚོང་འདྲེན་ཐབས་ལམ། འཛིན་ཡིག་དང་རྩིས་ཁྲ། དབང་སྤྲོད་འོས་ཐོབ་སོགས་ཀྱི་ནང་དོན་ལ་གཙོ་བོ་ཞིབ་བཤེར་གྱིས་ཁྱོན་ཚོང་ཁང་10ལ་ཞིབ་བཤེར་བྱས་པ་རེད། མངོན་གསལ་དོད་པའི་གནད་དོན་རིགས་གཉིས་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བ་སྟེ། གཅིག་ནི་ཁུངས་འདེད་དོ་དམ་ཚད་ལྡན་མེད་པ་དང་། ཚོང་ཁང་ཁག་གཅིག་གི་ཚོང་ཟོག་སྡེབ་ཚོང་ཁྲོམ་ར་ནས་ཉོས་ཏེ་བླང་བྱ་ལྟར་ཟོག་འདྲེན་གྱི་འཛིན་ཡིག་ཉར་མེད་པ། ཉོ་ཚོང་རྩིས་ཐོ་མེད་པ་བཅས་དང་། གཉིས་ནི་གཉེར་སྐྱོང་ཐད་ངོས་འཛིན་དེ་ཙམ་མི་འདང་བ་དང་། ཚོང་དུད་མང་ཆེ་བས་ས་ཁམས་མཚོན་རྟགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་། མཚོན་རྟགས་བེད་སྤྱོད་ཀྱི་ཚད་གཞི། དབང་སྤྲོད་བླང་བྱ་བཅས་ལ་རྒྱུས་མངའ་དང་འདུ་ཤེས་ཟབ་མོ་མེད་པ་བཅས་རེད།

    གནད་དོན་འདི་དག་ལ་དམིགས་ནས། ཁྲིམས་སྒྱུར་བས་ཡུལ་དངོས་སུ་གཅིག་གཏད་གཅིག་གི་མཛུབ་ཁྲིད་བྱས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། བེད་སྤྱོད་ཚད་ལྡན། བཅའ་ཁྲིམས་ཀྱི་འགན་འཁྲི་བཅས་གསལ་འགྲེལ་བྱས་ཏེ། ཚོང་དུད་ཀྱིས་འཕྲལ་མར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚོང་ཟོག་ཉོ་འདྲེན་གྱི་ཞིབ་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁུངས་དེད་རྩིས་ཁྲ་གསབ་པ། ཁྲིམས་ལྟར་ལུགས་མཐུན་གཉེར་སྐྱོང་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།