དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཚོང་ཁང་ཞིག་གིས་ཡོང་འབབ་སྦ་གསང་དང་ཁྲལ་སྐུང་ཁྲལ་གཡོལ་བྱས་པའི་བྱེད་སྤྱོད་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-14

    ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་ཀྱིས་ཚོང་ཁང་ཞིག་གིས་ཁྲལ་སྐུང་ཁྲལ་གཡོལ་བྱས་པའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་ཚོང་ཁང་དེས་དུས་བཀག་དང་བཅད་གྲངས་ཀྱི་བྱེད་ཐབས་ཐོག་ནས་དོན་དངོས་ལྟར་ཁྲལ་དངུལ་མ་འཇལ་བ་དང་། སྒེར་གྱི་རྩིས་ཁྲ་བརྒྱུད་དངུལ་བླངས་པ། ཕྱིར་ཚོང་ཡོང་འབབ་ལ་བཙོངས་འཛིན་མི་འབྲི་བར་ཡོང་འབབ་སྦ་གསང་སོགས་ཀྱི་བྱེད་ཐབས་བརྒྱུད་གནས་ཐང་འཕར་ཁྲལ་སོགས་ཁྲལ་དངུལ་སྒོར་ཁྲི་386.32འཇལ་མེད་པ་རེད།

    དེ་གོང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་ལ་འབྲེལ་ཡོད་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་ལས་ཚོང་ཁང་དེར་ཁྲལ་དངུལ་དང་འབྲེལ་བའི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་བ་རེད། འདྲི་ཞིབ་བྱས་པ་བརྒྱུད་ཚོང་ཁང་དེས་བཟོ་ཚོང་ཐོ་བསུབ་པའི་ཐོ་འགོད་བྱས་ནས“ཐོ་བསུབ”ལ་ཁ་གཡར་ཏེ་ཁྲལ་དོན་གྱི་ལྟ་འདོམས་ལས་གཡོལ་ཐབས་བྱས་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་ཀྱིས་འཕྲལ་དུ་དང་ལེན་བྱས་ནས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བྱས་པ་མ་ཟད། ཁྲལ་དོན་ཐོ་འགོད་སླར་གསོའི་འགྲོ་ལུགས་ཀྱང་གཉེར་ཡོད།

    ཞིབ་བཤེར་མི་སྣས་ཁྲལ་བསྡུའི་གྲངས་གཞི་ཆེན་མོར་བརྟེན་ནས་ཚོང་ཁང་དེའི་བཙོངས་འཛིན་འབྲི་བའི་ཞིབ་ཕྲའི་གནས་ཚུལ་དང་། དངོས་ཟོག་འཐེན་ཚོང་གི་རྩིས་ཁྲ། དངུལ་ཁང་གི་མ་དངུལ་གཏོང་ཡོང་། དེ་བཞིན་ལས་སྒོའི་སྔ་ནུབ་ཀྱི་གྲངས་གཞི་བཅས་ལ་ཟུར་ཚད་མང་པོའི་ཐོག་ནས་བསྡུར་བ་བྱས་ཡོད། དེའི་དངོས་ཡོད་ཀྱི་ཕྱིར་ཚོང་ཡོང་འབབ་དེ་རེ་ཞུའི་གྲངས་གཞི་ལས་མཐོ་བ་ཡོད་མོད། འོན་ཀྱང་ཚོང་ཁང་དེས་ཡུན་རིང་པོ་དོན་དངོས་ལྟར་ཕྱིར་ཚོང་ཡོང་འབབ་ཀྱི་རེ་ཞུ་བྱས་མེད་པར་སྒེར་གྱི་རྩིས་ཁྲ་བསྒྱུར་དངུལ་བླངས་པ་དང་བཙོངས་འཛིན་བྲིས་མེད་པའི་ཡོང་འབབ་སྦ་གསང་བྱས་ཡོད།

    ཚོང་ཁང་དེས་དོན་དངོས་ལྟར་གཉེར་སྐྱོང་གྲངས་གཞིར་ཁྲལ་འཇལ་རེ་ཞུ་བྱས་མེད་པའི་དོན་དངོས་ལ་དམིགས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲལ་བསྡུའི་དོ་དམ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་ཀྱིས་ཚོང་ཁང་དེར་ཁྲལ་དངུལ་འདེད་འཇལ་བྱས་ནས་འགྱངས་ཆད་དངུལ་འཕར་བསྡུ་བྱས་པ་མ་ཟད་དངུལ་ཆད་བསྡོམས་སྒོར་ཁྲི་696.11གཅོད་རྒྱུའི་གཏན་འཁེལ་བྱས་པ་རེད། མིག་སྔར་གྱོད་འབྲེལ་གྱི་ཁྲལ་དངུལ་དང་། འགྱངས་ཆད་དངུལ། དངུལ་ཆད་བཅས་ཚང་མ་འདེད་འཇལ་བྱས་ནས་རྒྱལ་མཛོད་དུ་བཅུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།