རང་ལྗོངས་ཀྱི་ཆུ་ལོག་གནོད་འཚེ་སྔོན་འགོག་གི་མཚན་མོའི་དངོས་འཐབ་ནང་སྦྱོང་ཐེངས་དང་པོ་བྱས་པ།

འདི་ནི་དངོས་འཐབ་ནང་སྦྱོང་ཁྲོད་རྨས་སྐྱོན་ཕོག་པའི་མང་ཚོགས་མྱུར་སྐྱོབ་བྱེད་བཞིན་པ།
ཉེ་ཆར། རང་ལྗོངས་ཀྱི་ཆུ་ལོག་གནོད་འཚེ་སྔོན་འགོག་གི་མཚན་མོའི་དངོས་འཐབ་ནང་སྦྱོང་ཐེངས་དང་པོ་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དགྲ་ལྷ་གྲོང་ཚོར་བྱས་པ་རེད།
རྫ་ཡུལ་རྫོང་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་སུ་གནས་ཤིང་། རི་མཐོའི་གྲོག་རོང་གི་ས་དབྱིབས་དང་། མཚན་མོ་དྲག་ཆར་བབས་ནས་ཆུ་ལོག་དོན་པ་དང་། རི་ཉིལ་བ། ཆུ་རུད་སོགས་ཞོར་ཐོན་གནོད་འཚེ་ཐོན་སླ་བས། གློ་བུར་དང་ཤུགས་དྲག་ཆེ་ལ་འགོག་ཟོན་དང་ཐག་གཅོད་བྱེད་དཀའ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
ད་ཐེངས་ཀྱི་ནང་སྦྱོང་ཁྲོད་མཚན་མོ་དྲག་ཆར་བབས་ནས་ཆུ་ལོག་ཐོན་པ་དང་ཆུ་ཁ་རྒྱས་པའི་ལི་མདོག་སྔོན་བརྡ་བཏང་བ་མ་ཟད། གྲོང་ཚོའི་ནང་གི་གློག་ཆད་པ་དང་། དྲ་བ་ཆད་པ། ལམ་ཆད་པ་བཅས་ཀྱི་ཁོར་ཡུག་ཧ་ཅང་ཞན་པོར་ལད་མོ་བྱས་ཏེ། རྫ་ཡུལ་རྫོང་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་འཕྲལ་མར་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱས་པ་རེད། ནང་སྦྱོང་བྱེད་རིང་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་། མི་མེད་གནམ་གྲུ་མཁའ་དབྱིངས་སུ་འཕུར་ནས་ལྟ་ཞིབ་ཚད་ལེན་བྱེད་པ། ལས་དོན་ཚོགས་ཆུང་ཁག་གིས་ལས་བགོས་མཉམ་སྒྲུབ་བྱེད་པ། ལས་ཕྱོད་ཆེ་བའི་སྒོ་ནས་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ་ཉེན་ཁའི་གནས་ཚུལ་ལ་ཞིབ་འཇུག་བརྡར་ཤ་གཅོད་པ་དང་། ལམ་ཐིག་མྱུར་བཟོ་བྱེད་པ། འགྲོ་ལམ་གྱི་འགོག་རྐྱེན་སེལ་བ། མང་ཚོགས་ཕྱིར་འཐེན་བྱེད་པ། དམིགས་བསལ་ཚོགས་སྤྱི་བཀོད་སྒྲིག་བྱེད་པ། སྨན་བཅོས་སྲོག་སྐྱོབ་དང་བདེ་འཇགས་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལས་ཀའི་གོ་རིམ་ཧྲིལ་པོ་ཚད་ལྡན་དང་བདེ་འཇགས་ཚོད་འཛིན་ཐུབ་པ་བཅས་བྱས་ནས། ལས་འཛོལ་གཅིག་ཀྱང་མི་ཐོན་པ་དང་ནོར་འཁྲུལ་གཅིག་ཀྱང་མི་ཡོང་བ་བྱེད་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།