བོད་དམག་ཁུལ་ཁང་གི་དཔུང་སྡེ་ཁག་གིས་དམག་མི་གསར་པ་ཆིག་སྟོང་ལྷག་ཙམ་བོད་དུ་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་པ།

འདི་ནི་དམག་མི་གསར་པ་བརྒྱུད་འདྲེན་བྱེད་བཞིན་པ།

འདི་ནི་དཔོན་དམག་གི་གཟུཌ་པོར་བརྟག་དཔྱད་བྱེད་བཞིན་པ།
ཉེ་ཆར། རྨང་གཞིའི་རང་བཞིན་གྱི་སྦྱོང་བརྡར་བྱས་ཟིན་པའི་བོད་དམག་ཁུལ་ཁང་གི་དམག་མི་གསར་པ་ཚོ་གངས་ལྗོངས་ས་མཐོར་ཐོན་པའི་རྒྱང་ལམ་གསར་པར་དངོས་སུ་སྐྱོད་འགོ་ཚུགས་པ་རེད།
དམག་མི་གསར་པ་བརྒྱུད་འདྲེན་གྱི་ལས་འགན་སྤེལ་རྗེས་དམག་ཁུལ་ཁང་གི་དཔུང་སྡེ་ཁག་གིས་བཀའ་འབྱོར་འཕྲལ་བྱ་སྤྱོད་སྤེལ་ནས། བརྒྱུད་འདྲེན་གྱི་བརྒྱུད་རིམ་ཧྲིལ་པོར་དམ་པོར་དམིགས་པ་དང་འགན་ལེན་གྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ། དམག་མི་གསར་པ་བདེ་འཇགས་དང་བདེ་བླག་ངང་བོད་དུ་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།