དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གིས་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-14

    འདི་ནི་བཀོད་འཐབ་པས་མང་ཚོགས་ལ་མེ་སྐྱོན་སྔོན་འགོག་གི་རྒྱུན་ཤེས་སྒྲོག་འགྲེལ་བྱེད་བཞིན་པ།

    དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་སྐྱེ་ཁམས་སྲུང་སྐྱོང་གི་བྱང་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད། ཉེ་ཆར། ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པས་ཁྲེན་ཀོན་ཝན་ཏ་ཐང་ཆེན་དུ་བསྐྱོད་དེ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོར་ཧུར་ཐག་ཞུགས་པ་དང་། བྱ་ཐབས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་རེད།

    བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པ་དང་། དྲིལ་བསྒྲགས་རྣམ་པ་ཕུན་སུམ་ཚོགས་ལ་མང་ཚོགས་ཀྱི་བློ་ལ་བབས་ཐུབ་ཡོད། བཀོད་འཐབ་པས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་ཀའི་གཙོ་གནད་དང་ཟུང་འབྲེལ་བྱས་ཏེ། དྲིལ་བསྒྲགས་བློ་འདྲིའི་ལས་སྟེགས་བཙུགས་ནས་ཁ་གསལ་གོ་བདེའི“བོད་རྒྱ”སྐད་གཉིས་ཀྱི་ལམ་ནས་ཕར་འགྲོ་ཚུར་འོང་གི་མང་ཚོགས་ལ་མེ་སྐྱོན་སྔོན་འགོག་ཤེས་བྱ་དང་། ཉེན་བརྡའི་ཁ་པར་རྒྱག་པའི་བརྒྱུད་རིམ། ཉེན་གཡོལ་སྲོག་ཐར་གྱི་ཐབས་རྩལ་བཅས་སྒྲོག་འགྲེལ་བྱས་ནས། མང་ཚོགས་ཚོས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བྱེད་པ་དེ་ནི་སྐྱེ་ཁམས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལ་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་པ་རེད།

    དེ་དང་ཆབས་ཅིག བྱེད་སྒོ་སྤེལ་ཡུལ་དུ་བྱ་དགའ་ཡོད་པའི་གབ་ལན་འདེབས་པ་དང་། སྤྲོ་བ་འཕེལ་བའི་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཏེ། མང་ཚོགས་ཧུར་ཐག་ཞུགས་སུ་བཅུག་ནས་ལན་ཧུར་ཐག་བརྒྱབ་སྟབས་རོལ་རྩེད་རྣམ་པའི་ཁྲོད་ནས་མང་ཚོགས་ཀྱི་མེ་ཟོན་ཤེས་བྱ་ཤེས་ཚད་ཇེ་ཆེར་ཕྱིན་པ་རེད། བཀོད་འཐབ་པས་ད་དུང་མང་ཚོགས་ལ་དྲིལ་བསྒྲགས་ཡི་གེ་དང་། དྲིལ་བསྒྲགས་ལག་དེབ། མེ་ཟོན་ལག་ཁུག་སོགས་དྲིལ་བསྒྲགས་མཁོ་ཆས་སྤྲད་དེ་མེ་ཟོན་ཤེས་བྱ་མང་ཚོགས་སེམས་ལ་འཇཌ་པར་བྱས་པ་རེད།

    བྱེད་སྒོའི་རིང་། རུ་ཆེན་གྱིས་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་པ་དང་མཉམ་ལས་དམ་ཟབ་དང་མཉམ་དུ་ཤུགས་བརྒྱབ་པ་དང་། དྲིལ་བསྒྲགས་ལས་ཀ་ལས་བགོས་བརྒྱབ་ནས། ཕྱོགས་མང་མཉམ་འགུལ་དང་ཚང་མ་ཞུགས་པའི་དྲིལ་བསྒྲགས་རྣམ་པ་བཏོད་དེ། དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་མུ་མཐུད་ཆེ་རུ་དང་། མང་ཚོགས་ཀྱི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་དང་རང་སྐྱོབ་དང་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།