དབུ་ཤོག>ཁྲིམས་ལུགས།
  • སློབ་གྲྭའི་བརྙས་བཅོས་འགོག་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་བོད་ཀྱི་གར་སྟེགས་ཟློས་གར་ཐོག་མ་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-07

    ཉེ་ཆར། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་བྱེད་སྒོ་ལྟེ་གནས་སུ་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་གར་སྟེགས་ཟློས་གར《འདུ་འཛོམས》ཞེས་པ་ངོ་མཚར་ཆེན་པོས་འཁྲབ་སྟོན་བྱས་པ་རེད།

    སློབ་གྲྭའི་བརྙས་བཅོས་འགོག་པ་བརྗོད་དོན་གཙོ་བོར་བྱས་པའི་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བོད་ཀྱི་གར་སྟེགས་ཟློས་གར་ཐོག་མ《འདུ་འཛོམས》ཞེས་པ་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་དང་མཉམ་དུ་བརྩམས་པ་ཞིག་ཡིན་ཞིང་། དེ་ཡང་རིག་རྩལ་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་སློབ་མ་དང་ཁྱིམ་བདག་ལ་བཅའ་ཁྲིམས་ཁྱབ་གདལ་བཏང་ཡོད་པ་རེད།

    གར་སྟེགས་ཟློས་གར་དེར《འདུ་འཛོམས》 ཞེས་པའི་མིང་འདོགས་ཡོད། འོན་ཀྱང་དེ་ནི་གྲོགས་པོ་རྙིང་པའི་འདུ་འཛོམས་དཀྱུས་མ་ཞིག་མིན་པར། ལོ་བཅུའི་རྗེས་སུ་སློབ་གྲོགས་མཉམ་འཛོམས་བརྗོད་བྱའི་གཙོ་རྐང་དུ་བྱས་ནས་སློབ་མའི་དུས་ཀྱི་སློབ་གྲྭའི་བརྙས་བཅོས་ཀྱི་སྐོར་ཞིག་བརྗོད་ཡོད། གར་སྟེགས་ཐོག་འཁྲབ་སྟོན་པའི་གསོན་ཉམས་དོད་པའི་འཁྲབ་རྩལ་དང་ཕུན་སུམ་ཚོགས་པའི་བརྩེ་བས་སློབ་གྲྭའི་བརྙས་བཅོས་ལས་ཐོན་པའི་གནོད་འཚེ་མང་པོ་ཞིག་གཟིགས་མོ་བའི་འདྲེན་བྱེད་ཡུལ་དུ་ཐད་ཀར་བཤམས་ཡོད་པས། གར་སྟེགས་འོག་ཏུ་བཞུགས་པའི་ལྟད་མོ་བས་སློབ་གྲྭའི་བརྙས་བཅོས་ཀྱི་ངོ་བོར་ངོས་འཛིན་གསལ་པོ་ཐུབ་ནས་སློབ་གྲྭའི་བརྙས་བཅོས་ལ་བློ་ཁོག་ཆེན་པོས་འགོག་རྒོལ་བྱེད་དགོས་པའི་དམ་བཅའ་བཞག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།《འདུ་འཛོམས》ཞེས་པ་འཁྲབ་སྟོན་བྱས་པ་དེ་ནི་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི“དྲོ་སྐྱིད”ཅེས་པའི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ཚོགས་པས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་རྣམ་པ་གསར་པ་གཏོད་པའི་ལག་ལེན་གལ་ཆེན་གཞན་ཞིག་རེད། འཁྲབ་ཚན་དེའི་ནང་གཏུམ་སྤྱོད་མི་སྤེལ་བ་དང་། ཁ་རོག་ཏུ་མི་སྡོད་པ། ཟུར་ནས་བལྟས་ནས་མི་སྡོད་པ། རྒྱ་ཡན་དུ་མི་གཏོང་བ་བཅས་ཀྱི་ལྟེ་བའི་རིན་ཐང་གི་འདུ་ཤེས་བརྒྱུད་སྤེལ་བྱས་ཏེ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་ཁྲིམས་སྐྱོང་གི་ཉེན་ཟོན་སློབ་གསོ་བཏང་བ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གིས་ལག་གདང་སྦྲེལ་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལས་དོན་ལ་དོ་ཁུར་བྱེད་དགོས་པའི་རེ་འབོད་ཀྱང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།