དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གིས“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-07

    ཉེ་ཆར། ཉི་མ་རྫོང་སླེ་ཕྲ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ལས་དོན་རུ་ཁག་གིས“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

    སྒྲོག་འགྲེལ་པས་གོ་བདེ་ཤེས་སླ་དང་བབ་ཆགས་ཟོལ་མེད་ཀྱི་སྐད་ཆའི་ཐོག་ནས་གྱོད་དཔེ་ངོ་མ་དང་ཟུང་འབྲེལ་གྱིས་མང་ཚོགས་ཚོར་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་དང་། གཉེན་སྒྲིག་ཁྱིམ་ཚང་། བསྙེན་བཀུར་ཤུལ་འཛིན། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས། བདེ་འཇགས་དོ་དམ་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སོགས་ཀྱི་ནང་དོན་གསལ་འགྲེལ་བརྒྱབ་པ་དང་ཆབས་ཅིག ལས་དོན་པས་བྱེད་སྒོ་སྤེལ་ཡུལ་དུ་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲཌ་དངོས་རྫས་70ལྷག་ཙམ་དང་། བོད་རྒྱ་སྐད་གཉིས་པར་གཞིའི《དམངས་དོན་ཁྲིམས་གཞུང》《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ངོ་རྒོལ་བཅའ་ཁྲིམས》《ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས》《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》སོགས་དྲིལ་བསྒྲགས་དེབ་300ལྷག་ཙམ་སྤྲད་པར། ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་དང་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།