རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་དམངས་དོན་ཁྲིམས་གཞུང་གི་ཆེད་དོན་ཟུར་ཁྲིད་དང་འཆད་ཁྲིད་བྱས་པ།
ད་ལོ་ནི་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་ནས་ལོ་ལྔ་སོང་བའི་ལོ་ཡིན་ཞིང་། ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་དམངས་དོན་ཁྲིམས་གཞུང་གི་ཆེད་དོན་ཟུར་ཁྲིད་དང་འཆད་ཁྲིད་བྱས་པ་དང་། ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཚང་མ་ཟུར་ཁྲིད་ནང་ཞུགས་ཡོད།
དམངས་དོན་ཁྲིམས་གཞུང་ནི་རང་རྒྱལ་གྱིས“ཁྲིམས་གཞུང”གི་མིང་བཏགས་པའི་བཅའ་ཁྲིམས་ཤིག་ཡིན་པ་དེར“སྤྱི་ཚོགས་ཀྱི་འཚོ་བའི་རིག་གནས་ཀུན་བཏུས་དཔེ་དེབ”ཅེས་འབོད་ཀྱི་ཡོད། བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གི་དགེ་རྒན་ཆེ་གཞོན་དང་ཁྲིམས་རིག་པའི་འབུམ་རམས་པ་དབྱིན་ཀྲའོ་ཏན་གྱིས་དམངས་དོན་ཁྲིམས་གཞུང་གི་ཀྲུང་གོའི་ཁྱད་ཆོས་དང་། ལག་ལེན་གྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་དང་ཟུང་འབྲེལ་བྱས་ཏེ་དམངས་དོན་ཁྲིམས་གཞུང་གི་དོན་སྙིང་གལ་ཆེན་དང་། མཛུབ་ཁྲིད་བསམ་བློ། སྤྱིའི་རྩ་དོན་གྱི་ས་བཅད་དགུ་པའི་ཞིབ་ཕྲའི་ནང་དོན་ཁག་188འཇུག་སྒོར་བྱས་ནས་དམངས་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་། དམངས་དོན་ཁེ་དབང་། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་སོགས་སྤྱིར་བཏང་གི་ཚད་གཞི་གསལ་འགྲེལ་ཞིབ་ཚགས་བྱས་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོར་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། གཏན་ཚིགས་གཟབ་ནན། ནང་དོན་གཏིང་ཟབ་པ་བཅས་ཀྱི་ཟུར་ཁྲིད་སྙན་ཞུ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།