དབུ་ཤོག>ཁྲིམས་ལུགས།
  • མཐུན་ཆ་ཆེ་ཤོས་མཉམ་དུ་གཏོད་པ།

    ​—— རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་གི་ལས་ཀའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-07

    འདི་ནི་སློབ་མ་ཚོས་དྲིལ་བསྒྲགས་འགྲེམས་པང་ལ་ལྟ་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་གཉེར་བའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་དུ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་པུའི་རིམ་བཞིའི་ཞིབ་དཔྱོད་དཔོན་གྱི་ལག་རོགས་ཀྲུའུ་ལིན་གྱིས་ལྷ་ས་གྲོང་ཁྱེར་དམའ་འབྲིང་གསུམ་པའི་དགེ་སློབ་དང་ཁྱིམ་བདག་གི་འཐུས་མི་20ལྷག་ཙམ་གྱི་སྣེ་ཁྲིད་དེ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་དང་12309མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཡང་འཛོམས་ཐད་སྦྲེལ་ཁ་པར”སོགས་ལ་ལྟ་སྐོར་བྱས་པ་རེད། ཀྲུའུ་ལིན་གྱིས་ལྗོངས་ཡོངས་ཀྱི་12309ཞིབ་དཔྱོད་ཞབས་ཞུའི་ཐད་སྦྲེལ་ཁ་པར་སློབ་གྲྭ་303ལ་ཁྱབ་པའི་སྐོར་གླེང་སྐབས་སློབ་མ་ཚོ་ཧང་སངས་པ་དང་དགའ་ཚོར་ཆེན་པོ་བྱེད་ཅིང་། གྲངས་ཀ་དེ་ནི་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འཛིན་སྲུང་སྐྱོང་གི་ར་སྤྲོད་ནུས་ལྡན་ཞིག་ཡིན་ལ། རང་ལྗོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་འགོ་འཛུགས་ཚད་ཕྱི་ཙམ་ཡིན་ཡང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའང་མཚོན་གྱི་ཡོད།

    ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་སྒོ་གཅིག་སྡུད་གཅིག་གྱུར་ངང་སྒྲུབ་པའི་ལེགས་ཆ་གང་ལེགས་སྤྱད་དེ། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས“ཞིབ་དཔྱོད་ཆེན་པོ་བཞིའི”འགན་འཁྲི་ཁྲིམས་ལྟར་སྒྲུབ་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ཀྱི“དོ་དམ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། “སྤུས་འབྲས་ཆེན་པོས་གྱོད་གཞི་རེ་རེ་བདག་སྤྲོད་ཡག་པོ”ཐུབ་པ་བཅས་བྱས་པས། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་ཕྱོགས་བསྡུས་ཅན་དང་། རིམ་པ་མང་བ། ཕྱོགས་མང་བཅས་ཀྱི་སྲུང་སྐྱོང་ཉིན་རེ་ལས་མ་འདས་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།

    ད་ཆ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་ཕྱིན་པ་དང་བཀྲག་མདངས་འཚེར་ས་མངོན་གསལ་དོད་ཅིང་། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་ཟིན་ཐོ་ཉར་ཚགས་དང་ཉེས་མེད་ཟིན་ཐོའི་དཔང་ཡིག་སྤྲོད་པའི་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་སོང་བ་དང་། བཙན་ཤེད་ཀྱིས་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱུང་བ། ན་སོ་དར་ལ་མ་བབས་པའི་གནོད་འཚེ་ཕོག་མཁན་ལ་དཔལ་འབྱོར་གྱི་རོགས་སྐྱོབ་དང་། ལུས་སེམས་བདེ་ཐང་སླར་གསོ། སློབ་གྲྭར་བསྐྱར་ཞུགས་དང་ལས་ཞུགས་སོགས་ཀྱི་སྣ་མང་ཕྱོགས་བསྡུས་རོགས་སྐྱོབ་སྔར་བས་ཡག་པོ་ཐུབ་ཡོད།

    ལོ་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་ལས་དོན་གྱི་སྤུས་རྟགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་བཙུགས་པའི“དྲོ་སྐྱིད”ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་སྲུང་སྐྱོང་ས་ཚིགས་ཀྱིས་ན་སོ་དར་ལ་མ་བབས་པའི་གནོད་འཚེ་ཕོག་མཁན་གྱི“གཅིག་འཐུས་རྣམ་པའི”འདྲི་རྩད་རོགས་སྐྱོབ་ལྟེ་གནས་བཏོད་དེ། དཔང་རྟགས་ལེན་པ་དང་། སྨན་བཅོས། སེམས་གསོ་བཅས་འབྲེལ་མཐུད་ནུས་ལྡན་བྱས་པས། རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་མཉམ་སྡེབ་དང་། རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་གནས། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཐེངས་བཅུ་པའི“སྔོན་ཐོན་གཉིས”གཟེངས་བསྟོད་ཀྱི་བྱ་དགའ་རིམ་པ་དང་པོ་སོགས་གཟི་བརྗིད་མང་པོ་ཐོབ་སྟེ། བོད་ཀྱི་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཚད་ཤིང་ལ་གྱུར་བ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་བདེ་དང་། སློབ་གསོ། བུད་མེད་མཉམ་འབྲེལ་ལྷན་ཚོགས། དམངས་སྲིད་སོགས་སྡེ་ཚན་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ན་སོ་དར་ལ་མ་བབས་པའི་མིའི་གྱོད་གཞིའི་ཐུན་མོང་གི་གནད་དོན་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། ཞིབ་དཔྱོད་ཀྱིས་གྲོས་འགོ་འདོན་པ་དང་ཆེད་དོན་ལྟ་སྐུལ་སོགས་ཀྱི་བྱེད་ཐབས་བརྒྱུད་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགོག་སྲུང་དྲ་བ་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད།

    ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཚན་པ་14དང་མཉམ་དུ《ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་རྩིས་སྤྲོད་ཀྱི་ནག་ཆུ་གྲོང་ཁྱེར་གྱི་ལས་ཀའི་བྱ་ཐབས》ལ་མིང་རྟགས་བཀོད་དེ“དྲ་ཐོག་ནས་ཆུ་ཚོད་24རྩིས་སྤྲོད་བྱེད་པ་དང་དྲ་ཕྱི་ནས་ཉིན་7ནང་ཚུར་ལན་སྤྲོད་པའི”ལམ་སྲོལ་བཙུགས་ནས་ཁུངས་སྣེ་བརྒྱུད་བཤུག་ཐག་གཅོད་ཀྱི་ལས་ཕྱོད་ཆེ་རུ་བཏང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་ཀྲང་ཕིང་གིས“ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་རྒྱུན་ཆད་མེད་པར་བཏང་སྟེ། འབྲེལ་ཡོད་སྡེ་ཚན་དང་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་བྱས་ནས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་གི‘མཐུན་ཆ་ཆེ་ཤོས’མཉམ་དུ་གཏོད་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།