གཞི་རིམ་དུ་སྒྲོག་འགྲེལ་གཏིང་ཟབ་བྱས་ནས་ཤེས་དཔལ་གྱི་རྨང་གཞི་བརྟན་དུ་བཏང་བ།

↑ འདི་ནི་ལས་དོན་མི་སྣས་མང་ཚོགས་ལ་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་བཞིན་པ།

↑ འདི་ནི་གྲོང་མི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱའི་དྲི་བ་དྲིས་ལན་བྱེད་སྒོར་ཞུགས་བཞིན་པ།

↑ འདི་ནི་སྒྲོག་འགྲེལ་པས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་བཞིན་པ།

↑ འདི་ནི་ཡིག་གཟུགས་ལ་དགའ་པོ་ཡོད་མཁན་གྱིས་ས་ཡུལ་དངོས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་ཡིག་གཟུགས་འབྲི་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་། དོག་སྡེ་ཁྲོམ་གཞུང་དོན་གཅོད་ཁྲུའུ། གསང་ཡིབ་སྡེ་ཁུལ་གྲོང་ལྷན་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་དུས་ཐེངས་བཞི་པའི“ཁྲེང་ཀོན་ཆུས་ཀྱི་ཤེས་དཔལ་ལག་ལེན་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ”གསང་ཡིབ་སྡེ་ཁུལ་བྱང་འདབས་གནམ་ས་གསར་པའི་ཉོ་སྒྲུབ་ཐང་ཆེན་དུ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོར་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། ཡིག་གཟུགས་འགྲེམས་སྟོན་སོགས་སྣ་མང་བཀོད་སྒྲིག་བྱས་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།