ལྷ་རྩེ་རྫོང་གིས་གཅིག་སྡུད་ཐོག་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱས་པ།

འདི་ནི་མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་ཁོངས་གཏོགས་ཁུལ་དུ་འགྲིམ་འགྲུལ་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་བཞིན་པ།
ཉེ་ཆར། རྒྱལ་ལམ་318ལྷ་རྩེ་ལམ་དུམ་གྱི་འབབ་རྡོའི་ཉེན་ཁ་ཆེ་ས་ཞིག་ཏུ་གཞུང་དོན་རླངས་འཁོར་ཁ་ཤས་ཀྱིས་ཁ་བཀག གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་། རྫོང་སྤྱི་བདེ་ཅུས། འཕྲལ་སྡོམ་དོ་དམ། གཞུང་ལམ་བདག་སྐྱོང་། རང་བྱུང་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། མེ་ཟོན་དང་འགྲིམ་འགྲུལ་དོ་དམ་རུ་ཆེན་སོགས་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་འབབ་རྡོའི་ཉེན་ཁ་ཆེ་བའི་ཆུ་འགྲམ་བྲག་གཤམ་གྱི་གུག་ཆ་ཞིག་ལ་བརྟག་དཔྱད་ནན་ཏན་བྱེད་བཞིན་ཡོད།
ས་གནས་ས་ཐོག་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་འཕྲལ་རང་སར་བཅོས་སྒྲིག་བྱས་ཤིང་། རྒྱུན་གཏན་གྱི་སྐོར་ཞིབ་བྱ་བ་དེ་ས་གནས་ས་ཐོག་ཏུ“གྲལ་བཤེར་གསལ་ཐོ”“ཐོ་བསུབ་གསལ་ཐོར”འགྱུར་བའི་ས་གནས་ས་ཐོག་གི་གཞུང་སྒྲུབ་བྱ་བ་ཞིག་ཏུ་གྱུར་ཡོད།
ཉིན་དེར། མཉམ་འབྲེལ་ལས་དོན་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་རྒྱལ་ལམ་དང་ཞིང་ཆེན་ལམ་རྒྱུད་ཀྱི་འབབ་རྡོའི་ཉེན་ཁ་ཆེ་ས་དང་། ཆུ་འགྲམ་དང་བྲག་རྡོ་ཟགས་ཉེན་ཆེ་ས། གཡང་གཟར་གྱི་ཁུག་ལམ། སྒྲིག་བཀོད་ལ་སྐྱོན་ཤོར་བ་དང་མི་འདང་བ་སོགས་ཀྱི་མངོན་མེད་རྐྱེན་ངན་ཡོད་སའི་ལམ་དུམ་གྱི་ཡུལ་དངོས་ལ་ལྟ་ཞིབ་ཡོངས་ཁྱབ་ཏུ་བྱས་པ་རེད།
མིག་སྔར། ལྷ་རྩེ་རྫོང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་དུས་བཀག་དག་ཐེར་གྱི་མངོན་མེད་རྐྱེན་ངན་ལྷག་མ་ཁག་7སྐབས་བསྟུན་གྱི་རྗེས་འདེད་གསལ་ཐོའི་ནང་བཅུག་ནས། ལོ་མཇུག་གོང་བཅོས་སྒྲིག་གི་དམིགས་ཚད་ཚང་མ་ལེགས་གྲུབ་ཐུབ་པར་བྱ་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།