མེ་ཟོན་ཤེས་བྱ་སློབ་སྦྱོང་བྱས་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

འདི་ནི་མེ་གསོད་བཀོད་འཐབ་པས་མི་སྣ་འདུ་འཛོམས་ཆེ་སར་གཅིག་སྡུད་བསྐོང་འདྲིའི་ཚོགས་འདུ་འཚོགས་ནས་མེ་ཟོན་བདེ་སྲུང་ཤེས་བྱ་གསོ་སྦྱོང་བྱེད་བཞིན་པ།

འདི་ནི་མེ་གསོད་བཀོད་འཐབ་པས་གསོལ་མགྲོན་ཁང་དུ་བསྐྱོད་དེ་མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ནི་མེ་གསོད་བཀོད་འཐབ་པས་གསོལ་མགྲོན་ཁང་གི་རང་འགུལ་མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ནི་མེ་གསོད་བཀོད་འཐབ་པས་གསོལ་མགྲོན་ཁང་གི་ལས་མི་སྒྲིག་འཛུགས་བྱས་ནས་མེ་གསོད་ཡོ་བྱད་བཀོལ་སྤྱོད་བྱེད་སྟངས་གསོ་སྦྱོང་བྱེད་བཞིན་པ།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་གྲོང་རྡལ་གྱི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་གཙོ་གནད་ཚན་པའི་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་ནུས་པ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བར་ག་གྲོང་རྡལ་གྱི་གསོལ་མགྲོན་ཁང་དང་དམངས་སྲོལ་གནས་ཚང་སོགས་མི་སྣ་འདུ་འཛོམས་ཆེ་སར་བསྐྱོད་དེ་ཕྱོགས་ཡོངས་དང་ཁྱོན་ཡོངས་ལ་ཁྱབ་པའི་མེ་ཟོན་མཉམ་སྒྲུབ་ཞིབ་བཤེར་ལས་དོན་སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།