བོད་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་གྲངས་གཞིའི་རྒྱུ་ནོར་གྱི་འཁོར་འབྲེལ་ཧྲིལ་པོ་གདུབ་ཟུམ་གཉེར་སྐྱོང་མངོན་འགྱུར་བྱུང་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་གཞུང་རྒྱུ་ཨུ་ལྷན་གྱི་སྐུལ་འདེད་འོག བོད་ཀྱི་གཞུང་ཁོངས་རྒྱུ་ནོར་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཁེ་ལས་ཀྱིས། ཧྲེན་ཀྲེན་གྲངས་གཞིའི་ཉོ་ཚོང་ཁང་གི་རོགས་རམ་འོག རང་སྐྱོང་ལྗོངས་ཀྱི“གྲངས་གཞིའི་ཐོན་དབང་ཐོ་འགོད་བྱེད་པ་དང་། གྲངས་གཞིའི་རྒྱུ་ནོར་རྩིས་ཁྲའི་ནང་འཇུག་པ། གྲངས་གཞིའི་ཐོན་རྫས་ཁྲོམ་རར་འདོན་པ”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོ་གདུབ་ཟུམ་གཉེར་སྐྱོང་གི་མ་ལག་བདེ་བླག་ངང་བཏོད་པ་དེ་ལས་བོད་ཀྱི་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་འཕེལ་རྒྱས་ཡག་པོ་བྱུང་བ་མཚོན་ཡོད།
ཁེ་ལས་དེས་སྔ་སྣུར་དུ་གྲངས་གཞིའི་རྒྱུ་ནོར་རྩིས་ཁྲ་བཟོས་ནས་ཐོ་འགོད་བྱས་པ་དང་། རྩིས་ཁྲའི་ནང་དངུལ་སྒོར་ཁྲི་101བཅུག་པས། ཁེ་ལས་ཀྱི་རྒྱུ་ནོར་གྲུབ་ཆ་ལེགས་སུ་ཕྱིན་ཡོད། དེའི་རྨང་གཞིའི་ཐོག་ཁེ་ལས་ཀྱི“སྡེ་ལས་ཀྱི་བོགས་གཏོང་གྲངས་གཞིའི་ཐོན་ཁུངས”ཀྱི་ཐོན་རྫས་ལ་ཧྲེན་ཀྲེན་གྲངས་གཞི་ཉོ་ཚོང་ཁང་གི་ཁྲོམ་ཞུགས་དཔང་ཡིག་རག་ནས་འགུལ་མེད་གྲངས་གཞིའི་ཐོན་ཁུངས་དེ་འགུལ་རྣམ་གྲངས་གཞིའི་ཚོང་ཟོག་ལ་སྒྱུར་ཐུབ་ཡོད།
2026ལོའི་ཟླ་5པར། ཁེ་ལས་ལ་བོད་ཀྱི་གྲངས་གཞིའི་ཐོན་དབང་ཐོ་འགོད་དཔང་ཡིག་ཐོག་མ་དངོས་སུ་རག་པ་དང་། དེ་ལས་རང་སྐྱོང་ལྗོངས་ཀྱི་གྲངས་གཞིའི་དབང་ཆ་གཏན་འཁེལ་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཡོད། བྱ་ཐབས་དེས་གྲངས་གཞིའི་རྒྱུ་ནོར་བརྒྱུད་བཤུག་དང་། མ་དངུལ་བསྡུ་སྒྲིལ། རྗེས་མཐུད་གསར་སྤེལ་བེད་སྤྱོད་བཅས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་ཐུབ་སྟེ་གྲངས་གཞིའི་ཐོན་ཁུངས་ནས་རྒྱུ་ནོར་ཅན་ལ་ཆ་ཚང་པོས་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།