ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྤྱི་བདེས་དབྱར་རྩྭ་དགུན་འབུ་སྔོག་འཐུའི་རིང་གི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ།
སྔོག་འཐུའི་དུས་ཚིགས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་། ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་བ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་འགན་ལེན་བཅས་བྱ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྤྱི་བདེ་ཅུས་དུང་དཀར་གྲོང་རྡལ་མངགས་གཏོང་ཁང་གིས་གྲོང་རྡལ་གྱི་དུས་བདེའི་གཞུང་ལས་ཁང་དང་དབྱར་རྩྭ་དགུན་འབུ་གཞུང་ལས་ཁང་དང་མཉམ་དུ་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱ་ཡུལ་ཁག་ཏུ་བསྐྱོད་དེ་བདེ་འཇགས་སྒྲོག་འགྲེལ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།
དྲིལ་བསྒྲགས་བྱེད་རིང་། ལས་དོན་ཚོགས་ཆུང་གིས་གཅིག་སྡུད་སྒྲོག་འགྲེལ་དང་སྔོག་འདུ་བྱ་ཡུལ་དུ་བཅར་འདྲི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་མང་ཚོགས་ཀྱི་དོན་དངོས་ལ་དམིགས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། བདེ་འཇགས་ཐོན་སྐྱེད། འགྲིམ་འགྲུལ་བདེ་འཇགས། ནགས་ཚལ་མེ་ཟོན་བཅས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ། རི་སྐྱེས་སྲོག་ཆགས་ལ་དོགས་ཟོན་དང་། ས་གཤིས་གནོད་འཚེ་ལས་གཡོལ་བ། དེ་བཞིན་གནམ་གཤིས་ངན་པར་ཁ་གཏད་གཅོག་པའི་རྩལ་ནུས་བཅས་གསལ་འགྲེལ་བྱས་པ་རེད། ས་གནས་ས་ཐོག་ཏུ་དོགས་གནད་ལ་ལན་འདེབས་པ་དང་གྱོད་གཞིར་གཞིགས་ནས་བཅའ་ཁྲིམས་ཤོད་པ་སོགས་ཀྱི་རྣམ་པར་བརྟེན་ནས་མང་ཚོགས་ཀྱི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་དང་རང་སྐྱོབ་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་བ་རེད།
གྲལ་བཤེར་བྱེད་རིང་། ལས་དོན་ཚོགས་ཆུང་གིས་ཁྱོན་ཡོངས་ལ་ཁྱབ་པ་དང་ཁུག་ཆ་མི་ལུས་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ལམ་དུམ་དང་། གནས་སྐབས་ཞག་སྡོད་ཁུལ། མི་སྣ་འདུ་འཛོམས་ཁུལ་བཅས་སུ་ལེབ་བཤེར་བྱས་པ་རེད། འགྲིམ་འགྲུལ་བདེ་འཇགས་དང་། མེ་དང་། གློག སོལ་རླངས་བཅས་སྤྱོད་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གཙོ་གནད་ཐོག་གྲལ་བཤེར་བྱེད་པ་དང་། ཐོན་བཟོ་ཡོད་པའི་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ལ་གྲལ་བཤེར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།