དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས།

    “ཤེས་དགོས་པ་གསུམ་དང་ཡག་པོ་གཅིག”གི་ཆབ་སྲིད་དགེ་རྒན་ཕུལ་བྱུང་གི་དཔྱད་བསྡུར་འགྲན་བསྡུར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-16

    འདི་ནི་འགྲན་ཞུགས་པར་དཔང་ཡིག་རག་པའི་གནས་ཚུལ་ཡིན་པ།

    ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི“ཤེས་དགོས་པ་གསུམ་དང་ཡག་པོ་གཅིག”གི་ཆབ་སྲིད་དགེ་རྒན་ཕུལ་བྱུང་གི་དཔྱད་བསྡུར་འགྲན་བསྡུར་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་བ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“ཤེས་དགོས་པ་གསུམ་དང་ཡག་པོ་གཅིག”གི་ཆབ་སྲིད་དགེ་རྒན་ཕུལ་བྱུང་གི་དཔྱད་བསྡུར་འགྲན་བསྡུར་དེ་གྲ་སྒྲིག་འགྲན་བསྡུར་དང་མཐའ་བསྡུར་གྱི་དུས་མཚམས་ཁག་གཉིས་ལ་ཕྱེ་ཡོད་པ་དང་། འགྲན་ཞུགས་པས“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་ཟབ་ཏུ་གཏོང་བ། དེ་བཞིན་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར”སོགས་ཀྱི་ནང་དོན་གཙོ་བོར་དམིགས་ནས། “སློབ་ཚན་གཅིག་རེ་བཅུ”དང“ངོ་བོ་ཁག་ལྔ”དམ་འཛིན་བྱ་གཞིར་བྱས་ནས། དུས་ཚོད་སྐར་མ་15ལས་མི་བརྒལ་བའི་སློབ་ཁྲིད་བྱས་པ་རེད།

    ལོ་འཁོར་མོར་ས་མཐོའི་འཐབ་ས་དང་པོར་གཞི་ཚུགས་པ་དང་ལོ་མང་རིང་གཞི་རིམ་གྱི་བསམ་བློ་ཆབ་སྲིད་ལས་དོན་ནང་ཧུར་ཐག་ཞུགས་མཁན་གཞི་རིམ་བརྒྱ་ཤོག་གི་རུ་དཔོན་དང་འགྲན་ཞུགས་བདམས་ཐོན་པ་ཙེང་ཝུའེ་ཕིང་གིས་སྤྱིར་བཏང་གི་ལས་གནས་ཐོག“བྱས་འབྲས་ཐོབ་པར་ངས་མི་རྩོད”ཅེས་པ་ཁ་བྱང་དུ་བྱས་ནས་སློབ་ཚན་ཁྲིད་དེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དང་མཐའ་སྲུང་གི་འགན་འཁྲི་མཉམ་འདྲེས་ཧུར་ཐག་བྱེད་པ། ངག་སློབ་ལས་རང་དཔེ་གཞན་སྟོན་གཙིགས་ཆེ་བ་དང་། ཀུན་སྤྱོད་བཟང་པོ་འཛུགས་རྒྱུ་དེ་ཁ་བཤད་ལས་གཙིགས་ཆེ་བ། དངོས་སྒྲུབ་དེ་ཁ་བཤད་ལས་གཙིགས་ཆེ་བ་བཅས་ཀྱི་འདུ་ཤེས་འཛུགས་པ། རྨང་གཞི་བརྟན་པོ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས། གཞི་རིམ་གྱི་ཆབ་སྲིད་དགེ་རྒན་གྱི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་པར་བྱས་ཡོད།

    དཔུང་སྡེ་དེའི་འགོ་ཁྲིད་ཀྱིས“ད་ཐེངས་ཀྱི་འགྲན་བསྡུར་ནི་གཞི་རིམ་གྱི་བསམ་བློ་ཆབ་སྲིད་ལས་དོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དངོས་སྒྲུབ་ཀྱི་བྱ་ཐབས་ཤིག་རེད་ལ། གཞི་རིམ་གྱི་བསམ་བློ་ཆབ་སྲིད་དཔུང་ཁག་གི་འཇོན་ཐང་དང་བྱང་ཚད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་ཞིག་ཀྱང་རེད”ཅེས་བརྗོད། གོམ་སྟབས་རྗེས་མར། དཔུང་སྡེ་དེས་ད་ཐེངས་ཀྱི་འགྲན་བསྡུར་གོ་སྐབས་སུ་བྱས་ནས། གཞི་རིམ་གྱི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། བྱང་ཚད་མཐོ་བའི་ཆབ་སྲིད་ཀྱི་དགེ་རྒན་དཔུང་ཁག་ཅིག་བཏོད་དེ། བསམ་བློ་ཆབ་སྲིད་ཀྱི་ལས་དོན་དེ་དམག་སྦྱོང་དམག་གྲབས་དང་། ལས་སྒྲུབ་མཐའ་སྲུང་། གཞི་རིམ་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་གཏིང་ཟབ་མཐའ་འཁྱོངས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།