དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དེབ་འཛིན་སྨན་སྦྱོར་པའི“ལག་ཁྱེར”ལ་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-16

    སྨན་རྫས་གཉེར་སྐྱོང་ལྷུ་ཚིགས་ཀྱི“འབྱུང་རྩ་གཙང་སེལ”གྱི་སྲ་བརྟན་གོང་སྤེལ་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྨན་རྫས་སིལ་ཚོང་ལས་རིགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་རྒྱུན་མཐུད་བཅོས་སྒྲིག་བྱེད་པ། དེབ་འཛིན་སྨན་སྦྱོར་པའི་ལས་གཉེར་སྤྱོད་ཚུལ་ལེགས་སུ་གཏོང་བ། མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་ཐུབ་པ་བཅས་བྱ་ཆེད། ཉེ་ཆར་མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྫོང་ཁག་གི་ཅུས་དང་མཉམ་དུ་དེབ་འཛིན་སྨན་སྦྱོར་པའི“ལག་ཁྱེར”ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་རེད།

    ཆེད་དོན་བཅོས་སྒྲིག་བྱེད་རིང་། “ཁྱོན་ཡོངས་ལ་ཁྱབ་པ་དང་། ཐར་པར་གཏན་ནས་མི་གཏོང་བ། ཁྲིམས་སྒྱུར་ནན་པོ། ཞབས་ཞུ་ལེགས་པ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ས་ཁུལ་ཡོངས་ཀྱི་སྨན་རྫས་སིལ་ཚོང་ཁང་ལ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་པ་རེད། ཁྲིམས་འཛིན་མི་སྣས་ས་ཡུལ་དངོས་སུ་ཞིབ་བཤེར་དང་། ས་ཡུལ་དངོས་སུ་འདྲི་རྩད། སྨན་ཐོའི་དཔྱད་ཡིག་ཞིབ་བསྡུར་སོགས་ཀྱི་བྱེད་ཐབས་བརྒྱུད་དེབ་འཛིན་སྨན་སྦྱོར་པས་ལས་གནས་ཐོག་འགན་འཁྲི་སྒྲུབ་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་དང་སྨན་ཐོ་མེད་པར་བསྡེབས་སྨན་འཚོང་བ་དང་སྔོན་ལ་སྨན་བཙོངས་ནས་རྗེས་སུ་སྨན་ཐོ་ཁ་གསབ་བྱེད་པ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་ལ་ནན་བཤེར་བྱས་ཏེ། དེབ་འཛིན་སྨན་སྦྱོར་པའི་ཐོ་འགོད་ཆ་འཕྲིན་དང་འགན་སྒྲུབ་རྩིས་ཁྲ་རེ་རེ་བཞིན་ལ་ཞིབ་བཤེར་བྱས་ནས་དེབ་འཛིན་སྨན་སྦྱོར་པའི་ལག་ཁྱེར་གང་བྱུང་དུ་འགེལ་བའི་སྣང་ཚུལ་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད།

    མིག་སྔའི་བར། སྨན་རྫས་ཚོང་ཁང་23ལ་ཞིབ་བཤེར་བྱས་པ་དང་དག་ཐེར་བྱེད་དགོས་པའི་བཀའ་རྒྱའི་བརྡ་ཐོ་2བཏང་ནས་ཁོངས་གཏོགས་ཁུལ་གྱི་སྨན་རྫས་སིལ་ཚོང་ཁྲོམ་རའི་ཁོར་ཡུག་སྔར་བས་ལེགས་སུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།