ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས།
ཁྲིམས་སྒྱུར་ཚད་ལྡན་དུ་བཏང་ནས་འགྲིམ་འགྲུལ་བདེ་འཇཌ་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།
སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་ཁྲིམས་སྒྱུར་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་གྲོང་མིའི་ཕྱིར་སྐྱོད་བདེ་འཇགས་དང་འགྲོ་ལམ་ཤར་བགྲོད་ཐུབ་རྒྱུ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ད་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཚད་ལྡན་ནན་པོ་དང་གཞུང་དྲང་ཡ་རབས་ཀྱི་ཁྲིམས་སྒྱུར་འདུ་ཤེས་ལ་དམ་པོར་དམིགས་ནས“བཅོས་སྒྲིག་ནན་པོ”དང“ཞབས་ཞུ་ལེགས་གཏོང” ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། བྱ་ཐབས་ཏན་ཏིག་ལ་བརྟེན་ནས་བོད་ཤར་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་རེད།
གྲོང་ཁུལ་དུ་སྒྲིག་འགལ་ངང་རླངས་འཁོར་འཇོག་པ་དང་འགྲོ་ལམ་ཤར་བགྲོད་ཀྱི་ལས་ཕྱོད་ལ་ཤུགས་རྐྱེན་ངན་པ་བཟོས་པའི་གནད་དོན་ལ་དམིགས་ནས། ཆབ་མདོ་འགྲིམ་འགྲུལ་ཉེན་རྟོག་སྐྱ་དམག་རུ་ཁག་དེ“འགྲན་མེད་སྒྲིག་ཆས”ལ་དངོས་སུ་རིམ་སྤོར་བྱས་ཏེ་སྟབས་བསྟུན་གྱི་སྒུལ་བདེའི་གློག་མིག་ཏུ་གྱུར་ནས། སྒྲིག་འགལ་ངང་རླངས་འཁོར་འཇོག་མཁན་ལ་དུས་དང་རྣམ་པ་ཀུན་ཏུ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཁུག་ཆ་མ་ལུས་པ་བཅས་ཀྱི་ཞིབ་བཤེར་བྱེད་སྟངས་ནན་པོ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་རླངས་འཁོར་འཇོག་པའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི“གདོང་མཆོང་སྟོབས་ཤུགས” སུ་གྱུར་ཡོད་པ་རེད།
རླངས་འཁོར་གང་བྱུང་དུ་བཞག་པར་ཆེད་དོན་བཅོས་སྒྲིག་བྱེད་པ་དང་དེ་བཞིན་རིཌ་ཁག་གི་ལམ་ངོས་ལས་སྒྲུབ་ལས་དོན་སྤེལ་རིང་། ཆབ་མདོ་འགྲིམ་འགྲུལ་ཉེན་རྟོག་པས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྒྱུར་ཚད་ལྡན་ཅན་འཛུགས་སྐྱོང་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་ཚད་ལྡན་གྱི་བྱ་སྤྱོད་ལ་བརྟེན་ནས་ཁྲིམས་སྒྱུར་གྱི་དབང་གྲགས་གཏོད་པ་དང་ཡ་རབས་ལ་བརྟེན་ནས་དམངས་ལ་དྲོ་སྐྱིད་སྦྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།