དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས།

    དམིགས་རྟེན་གྱི་གྲངས་འབོར་སྒོར་དུང་ཕྱུར་4.6ཟིན་པའི་ཚོང་དོན་རྩོད་གཞི་ཞིག་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-09

    ཉེ་ཆར། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་དར་སྤེལ་བཏང་ནས“སྔོན་ལ་འདུམ་འགྲིག་དང་འདུམ་འགྲིག་དང་འདྲི་གཅོད་ཟུང་འབྲེལ”གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ངང་རྒྱུད་རིང་པོས་ཁྲིམས་འགྲེལ་དང་གནས་ལུགས་དབྱེ་ཞིབ་བྱས་པ་བརྒྱུད། དམིགས་རྟེན་གྱི་གྲངས་འབོར་སྒོར་དུང་ཕྱུར་4.6ཟིན་པའི་མ་དངུལ་བསྡུ་སྒྲིལ་གྱི་བོགས་གཏོང་ཚོང་དོན་རྩོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་ངང་བསལ་བ་རེད། རྩོད་གཞི་དེ་བསལ་བར་དོ་བདག་ཕྱོགས་གཉིས་པོའི་ཚད་མཐོའི་བསྔགས་བརྗོད་ཐོབ་པ་དང་འབྲེལ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་གོས་དར་སྤྲད་དེ་ཁས་ལེན་ཡང་བྱས་པ་རེད།

    གྱོད་གཞི་འདིའི་ནང་། གོང་གཏུག་བྱེད་མཁན་ཧྭ་ཆེ་གེ་མོ་ཀུང་སི་དང་གོང་གཏུག་བྱ་ཡུལ་རྡོ་ཆེ་གེ་མོ་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སི་དང་རྡོ་ཆེ་གེ་མོ་སྤྲོ་གསེང་ཀུང་སིའི་དབར་དུས་ཡུན་རིང་པོ་མཉམ་ལས་ཀྱི་འབྲེལ་བ་ཡོད་ཅིང་། ཉེ་བའི་ལོ་འགའི་རིང་ཁྲོམ་རར་འགྱུར་ལྡོག་བྱུང་བས་གོང་གཏུག་བྱ་ཡུལ་གཉིས་ཀྱིས་དུས་བཀག་ལྟར་བོགས་དངུལ་མ་སྤྲད་པས་ཧྭ་ཆེ་གེ་མོ་ཀུང་སིས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ། གྱོད་གཞི་བདག་སྤྲོད་བྱས་རྗེས། མཉམ་གྲོས་ཁྲིམས་སས་ཞིབ་འཇུག་དང་བརྡར་ཤ་གཏིང་ཟབ་བཅད་པ་བརྒྱུད་གྱོད་གཞི་དེའི་དོན་དངོས་མ་གཞི་ཁ་གསལ་བ་དང་བཅའ་ཁྲིམས་ཀྱི་འབྲེལ་བ་ཁ་གསལ་ཡོད་མོད། འོན་ཀྱང་གལ་ཏེ་ཁྲིམས་ཐག་བཅད་ཚེ། རིམ་འབྲེལ་འགྱུར་འབྱུང་ཐོན་ནས་གོང་གཏུག་བྱ་ཡུལ་ཁེ་ལས་ཀྱི་རྒྱུན་གཏན་ཐོན་སྐྱེད་གཉེར་སྐྱོང་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ངོས་འཛིན་བྱས་པ་རེད། ཤན་མི་ཆོད་པའི་གནས་སུ་གྱར་སྐབས། མཉམ་གྲོས་ཁྲིམས་སས་གྱོད་བསྟུན་གྱོད་ཞིབ་མ་བྱས་པར“སྔོན་ལ་འདུམ་འགྲིག་དང་འདུམ་འགྲིག་དང་འདྲི་གཅོད་ཟུང་འབྲེལ”གྱི་རྩ་དོན་གྱི་རྨང་གཞིའི་ཐོག“ཁེ་ལས་བརྟན་པོ་ཡོང་བ་དང་གཉིས་ཕན་ཡོང་བར་བྱེད་པའི”འདུམ་འགྲིག་བསམ་ཕྱོགས་བཏོན་ཡོད། མཉམ་གྲོས་ཁྲིམས་སས་འབད་བརྩོན་ཐེངས་མང་བྱས་པ་དང་ཕྱོགས་གཉིས་པོའི་ཁྲིམས་རྩོད་པས་གྲོས་བསྡུར་ཡང་ཡང་བྱས་མཐར་འདུམ་འགྲིག་ལམ་ལྷོངས་བྱུང་ཡོད། གྱོད་གཞི་འདིའི་འདུམ་འགྲིག་ལམ་ལྷོངས་བྱུང་བ་དེས་དོ་བདག་ཕྱོགས་གཉིས་པོའི་ཛ་དྲག་པའི་འགལ་ཟླ་བསལ་ནས་ཕྱོགས་གཉིས་པོའི་ཞུ་གཏུག་གི་དཀའ་ངལ་ཆུང་དུ་ཕྱིན་པ་མ་ཟད། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་ཕྱོགས་གཉིས་པོའི་དུས་མཇུག་གི་ཁེ་དབང་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།