དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་ཉེན་རྟོག་པའི་ཆབ་སྲིད་རིགས་པའི་གཞུང་ལུཌ་ཀྱི་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-09

    ཉེ་ཆར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་ཉེན་རྟོག་པའི་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་འཛིན་གྲྭ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་ཐང་སྨད་སློབ་ཁྲིད་ས་ཚིགས་སུ་བདེ་བླག་ངང་གཉེར་ཞིང་། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ནག་ཆུ། མངའ་རིས་སོགས་ནས་ཡོང་བའི་ལས་བྱེད་ཉེན་རྟོག་པ་30གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་སྐབས་གཞི་རིམ་གྱི་ལས་བྱེད་ཉེན་རྟོག་པའི་རིགས་པའི་གཞུང་ལུགས་ཀྱི་དགོས་མཁོར་དམིགས་ཏེ་ཆེད་དོན་སློབ་ཁྲིད་དང་། སྤེལ་རེས་བགྲོ་གླེང་། སློབ་མའི་གླེང་སྟེགས་སོགས་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་སྤྱད་ཅིང་། སློབ་ཚན་གྱི་ནང་དོན་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གསལ་འགྲེལ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ་སོགས་ཡོད། སློབ་ཁྲིད་དགེ་རྒན་གྱིས་ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་ཉེན་རྟོག་པའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་གོ་བདེ་ཤེས་སླའི་ངང་གསལ་འགྲེལ་བརྒྱབ་པ་དང་། གཞི་རིམ་གྱི་ལས་ཀའི་བྱེད་ཐབས་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པར་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ། ལག་ལེན་གྱི་རིན་ཐང་ཡང་ཡོད་པས། གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོའི་ངོས་ནས་བརྗོད་ན་རིགས་པའི་གཞུང་ལུགས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་དང་གཉིས་སུ་མ་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།