དབུ་ཤོག>ཁྲིམས་ལུགས།
  • བོད་ཀྱིས་ཟླ་དྲུག་པའི་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-09

    འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་སློབ་མས་དུག་འགོག་ཤེས་བྱའི་བྱ་དགའི་འགྲན་བསྡུར་ལ་ཞུགས་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་དུག་འགོག་གཞུང་དོན་ཁང་དང་གཞིས་རྩེ་གྲོང་ཁྱེར་དུག་འགོག་ལས་དོན་མཉམ་འབྲེལ་གཞུང་དོན་ཁང་གིས་གཞིས་རྩེ་གྲོང་ཁྱེར་དུ་བོད་རང་སྐྱོང་ལྗོངས་ཀྱི་ཟླ་དྲུག་པའི་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་མཉམ་འགུལ་ཉམས་ལེན་ཁུལ་བཙུགས་པས་མི་ཚོགས་ཀྱིས་ཁེངས་ནས་ཡོད། དུག་འགོག་ཤེས་བྱའི་བྱ་དགའི་འགྲན་བསྡུར་དང་སྤྲོ་སྣང་ལྡན་པའི་དུག་འགོག་རོལ་རྩེད་སོགས་ཁྱད་ཆོས་ལྡན་པའི་ཉམས་ལེན་ཁག་མང་པོ་ཡོད་པས་དེའི་ནང་ཞུགས་མཁན་རྣམས་ལ་ཉམས་ལེན་ཁྲོད་ནས་ཤེས་བྱ་ཁོང་དུ་ཆུད་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།