ཁྲིམས་སྐྱོང་ལ་བརྟེན་ནས་ཉམས་ཞན་ཚོགས་སྤྱིའི་ཁེ་དབང་བསྲུངས་པ།
—— ལྷ་རྩེ་རྫོང་ཁྲིམས་ཁང་གིས་ཁྱིམ་ཚང་གི་གཏུམ་སྤྱོད་ཐོན་པའི་བཟའ་ཚང་ཁ་བྲལ་གྱོད་གཞི་ཞིག་ལ་སྐོར་སྐྱོད་འདྲི་གཅོད་བྱས་པ།
ཉིན་ཤས་གོང་། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི“སྐོར་སྐྱོད་ཁྲིམས་རའི”རླངས་འཁོར་གྲོང་གསེབ་ཀྱི་བཤག་བྱེའི་ལམ་བུ་བརྒྱུད་དོ་བདག་གི་བོད་ཁང་མདུན་དུ་ཁ་བཀག ལས་དོན་པས་རྔམ་བརྗིད་ལྡན་པའི་རྒྱལ་རྟཌ་སྒེའུ་ཁུང་ཐོད་དུ་བཀལ་བ་དང་སྦྲགས་སྟབས་བདེ་ཡིན་པ་གང་ཞིག་ཚད་གཞི་དང་མཐུན་པའི་ཁྲིམས་རའི་འདྲི་གཅོད་བྱ་ཡུལ་ཞིག་དངོས་སུ་བཀོད་སྒྲིག་ཟིན་ཞིང་། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་ཁྱིམ་དོན་ཁྲིམས་རའི་འདྲི་གཅོད་དེ་མང་ཚོགས་ཀྱི་ཁྱིམ་དུ་གོ་རིམ་ལྡན་པའི་ངང་འགོ་ཚུཌ་པ་རེད།
གྱོད་གཞི་འདི་ནི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་དཔེ་མཚོན་རང་བཞིན་གྱི་ཁྱིམ་དོན་རྩོད་གཞིའི་གྱོད་གཞི་ཞིག་རེད། ཞུ་སྦྱོར་སྔ་མ་དང་ཕྱི་མ་གཉེན་སྒྲིག་བྱས་རྗེས་ནར་མ་སོན་པའི་བུ་མོ་གཉིས་ཡོད་པ་དང་། བཟའ་ཚང་ཁ་མ་བྲལ་གོང་ཞུ་སྦྱོར་ཕྱི་མས་དུས་ཡུན་རིང་པོ་ཞུ་སྦྱོར་སྔ་མར་ཉེས་རྡུང་བཏང་ཞིང་། ཞུ་སྦྱོར་སྔ་མས་སྐད་ཆ་བྱས་ཏེ་བར་འདུམ་ཐེངས་མང་བྱས་ཀྱང་ལམ་ལྷོངས་མ་བྱུང་བས། ལུས་སེམས་གཉིས་ཀར་ཕོག་ཐུག་ཆེན་པོ་བྱུང་ནས་འ་ཆད་འུ་ཐུག་ངང་ཁྲིམས་ཁང་ལ་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བརྒྱབ། གྱོད་གཞི་སྒྲུབ་མཁན་ཁྲིམས་དཔོན་ལ་གྱོད་གཞི་དེ་འབྱོར་རྗེས་གྱོད་གཞིའི་གནས་ཚུལ་དང་དོ་བདག་གི་དཀའ་ངལ་དངོས་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། ཞུ་སྦྱོར་སྔ་མ་ཐག་རིང་ལུང་ཁུག་ཏུ་བསྡད་དེ་འགྲིམ་འགྲུལ་སྟབས་བདེ་མེད་པ་མ་ཟད། ཁྱིམ་དོན་གྱོད་གཞི་དེ་སྒེར་གྱི་གསང་བ་དང་འབྲེལ་བ་ཡོད་པར་བསམ་གཞིག་བྱས་ཏེ་དོ་བདག་གི་ཞུ་གཏུག་དཀའ་ངལ་ཆུང་དུ་གཏོང་གང་ཐུབ་དང་དོ་བདག་གི་གསང་བ་སྲུང་ཆེད། འཕྲལ་མར“སྐོར་སྐྱོད་ཁྲིམས་ར”བཙུཌ་ནས་དོ་བདག་གི་ཁྱིམ་དུ་ཁྲིམས་རའི་འདྲི་གཅོད་འཚོགས་ཏེ་ཁྲིམས་འཛིན་ཞབས་ཞུ་མང་ཚོཌ་དང་དེ་བས་འབྲེལ་འདྲིས་ཐུབ་པ་དང་དེ་བས་དམངས་སེམས་དྲོ་བར་བྱས་པ་རེད།
ད་ཐེངས་ཀྱི་སྐོར་སྐྱོད་འདྲི་གཅོད་ནི་ལྷ་རྩེ་རྫོང་ཁྲིམས་ཁང་གིས་ཁྲིམས་འཛིན་དམངས་ཕན་གྱི་འདུ་ཤེས་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ཞིང་། ཐག་རིང་ལུང་ཁུག་ས་ཁུལ་གྱི་དོ་བདག་ཕར་ཚུར་འགྲོ་འོང་བྱེད་པའི་ཞུ་གཏུག་གི་དཀའ་ངལ་བསལ་བ་མ་ཟད། ཁྱིམ་དོན་གྱོད་གཞིའི་དོ་བདག་མི་སྒེར་གྱི་གསང་བ་བསྲུངས་པ་དང་། ས་གནས་ས་ཐོག་ཏུ་འདྲི་གཅོད་བྱས་པ་བརྒྱུད་ཉེ་འཁོར་མང་ཚོགས་ལ་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་དང་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་བའི་ཁྲིམས་སྐྱོང་གི་འདུ་ཤེས་བརྒྱུད་སྤྲོད་བྱས་པས་གྱོད་གཞི་འདྲི་གཅོད་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ཟུང་འབྲེལ་ནུས་ལྡན་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།