བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས“དམག་མིའི་སྣེ་ལེན་ཉིན་མོའི”བྱེད་སྒོ་སྤེལ་བ།

འདི་ནི“དམག་མིའི་སྣེ་ལེན་ཉིན་མོའི”བྱེད་སྒོ་སྤེལ་ཡུལ་ཡིན་པ།
ལས་ཁུངས་དང་གཞི་རིམ་དབར་གྱི་འབྲེལ་ལམ་སྔར་བས་ཤར་གཏོང་བྱས་ཏེ་གཞི་རིམ་དཔོན་དམག་གི་དཀའ་གནད་སེལ་ཆེད། ཉེ་ཆར་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས“དམག་མིའི་སྣེ་ལེན་ཉིན་མོའི”བྱེད་སྒོ་སྤེལ་ཏེ་ཏང་ཨུད་ལས་ཁུངས་དང་གཞི་རིམ་གྱི་དཔོན་དམག་དབར་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དཔུང་སྡེ་དེའི་ལས་ཁུངས་དང་སྡེ་ཚན་གྱིས་དྲང་གཞག་དངོས་སྒྲུབ་རྩ་དོན་དུ་བཟུང་ནས་བྱེད་སྒོ་དེ་རིགས་དུས་བཀག་བཞིན་སྤེལ་ཏེ། འདུན་ཞུ་དང་ཞིབ་མཆན་འགོད་པའི་འགྲོ་ལུགས་ཀྱི་ལས་རིམ་དང་། ཕན་བདེ་དང་ཐོབ་ཆ་དོན་འཁྱོལ། དཔུང་སྡེ་འཛུགས་སྐྱོང་དང་དོ་དམ་སོགས་ལ་དམིགས་ནས་ས་གནས་ས་ཐོག་ཏུ་དཔོན་དམག་ཚོའི་དྲི་བར་ལན་བཏབ་ཡོད།
འབྲེལ་ཡོད་གསར་འགྱུར།