དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས།

    སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་དང་དམག་སྒར་གྱི་ཞིམ་ཟས་དུས་ཆེན་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-26

    དཔོན་དམག་ཚོས་སྤྲོ་འཕེལ་འགྲན་བསྡུར་བྱེད་བཞིན་པ།

    དཔོན་དམག་ཚོས་སྤྲོ་འཕེལ་འགྲན་བསྡུར་བྱེད་བཞིན་པ།

    དཔོན་དམག་ཚོ་ཐག་འཐེན་འགྲན་བསྡུར་བྱེད་བཞིན་པ།

    དཔོན་དམག་ཚོས་དམག་སྒར་གྱི་ཞིམ་ཟས་ལ་རོལ་བཞིན་པ།

    དཔོན་དམག་ཚོའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་དང་དམག་སྒར་གྱི་ཞིམ་ཟས་དུས་ཆེན་སྒྲིག་འཛུགས་བྱས་ནས་གཉེར་བ་རེད།

    ད་ཐེངས་ཀྱི་བྱེད་སྒོར་སྤྲོ་འཕེལ་རང་བཞིན་དང་། མཐུན་སྦྱོར་རང་བཞིན། སློབ་གསོའི་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པ་མ་ཟད། རིམ་འཕར་དང་འགག་སྒྲོལ་འགྲན་བསྡུར་ཆེན་པོ་གཉིས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་ཤུགས་ཚད་ཆེ་བའི་འགྲན་བསྡུར་བྱེད་སྟངས་དོར་ནས་ལུས་སེམས་ལྷོད་ལ་ཕབ་པ་དང་། མཉམ་སྡེབ་ལ་ཞུན་བརྡར་སྤྲོས་པ། དམག་མིའི་ངར་ཤུགས་གཅིག་ཏུ་སྒྲིལ་བ་བཅས་གཙོ་བོར་བྱས་ཡོད། བྱེད་སྒོ་ཧྲིལ་པོ་སྒྲིག་ལམ་ལྡན་ཞིང་སྤྲོ་སེམས་འཁོལ་བ་དང་། སྒར་ཁུལ་གྱི་གང་སར་དགོད་སྒྲས་ཁེངས་ཤིང་གསོན་ཤུགས་རབ་ཏུ་རྒྱས་ནས་དུས་རབས་གསར་པའི་ས་མཐོའི་དཔོན་དམག་གི་དཔའ་ངར་ཆེར་སྐྱེད་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་ཡོད།

    བྱེད་སྒོ་མཇུག་འགྲིལ་མ་ཐག དཔུང་སྡེ་དེས་དམག་སྒར་གྱི་ཞིམ་ཟས་དུས་ཆེན་མཉམ་དུ་བཏང་བ་རེད། མ་བྱན་ཡན་ལག་རུ་ཁག་ཁག་གིས་གཡོས་སྦྱོར་གྱི་ལག་ཤེས་ངོམ་ཞིང་གྲ་སྒྲིག་ཞིབ་ཚགས་བྱས་ནས་བྲོ་བ་ཞིམ་པའི་ཏན་ཞིམ་དང་། ཁྱད་ལྡན་ཟས་རིགས་སོགས་ཞིམ་ཟས་སྣ་ཚོགས་བཤམས་ཡོད་པ་རེད། དཔོན་དམག་ཚོས་ཞིམ་ཟས་ལ་རོལ་ནས་དམག་སྒར་ཁྱིམ་ཚང་ཆེན་པོའི་བརྩེ་བ་དང་གཏོགས་ཁོངས་ཀྱི་བསམ་པ་ཚོར་ཐུབ་པ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དྲོ་སྐྱིད་ལྡན་པའི་དམག་ཕན་གྱི་བྱ་བ་དངོས་ཏན་ཏིག་སྒྲུབ་ཆེད། དཔུང་སྡེ་དེས་ཐོག་མཐའ་བར་གསུམ་དུ་མི་རྩ་བར་འཛིན་པའི་མི་སྐྱོང་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་དཔོན་དམག་གི་ལུས་སེམས་བདེ་ཐང་ལ་དོ་ཁུར་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་དྲོ་སྐྱིད་དང་གསོན་ཤུགས་ལྡན་པའི་ཞི་མཐུན་གྱི་དམག་སྒར་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།