དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཆེན་གྱིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-26

    འདི་ནི་མེ་གསོད་རོགས་སྐྱོབ་མི་སྣས་ས་གནས་ས་ཐོག་ཏུ་འཕྲལ་སྡོམ་རོགས་སྐྱོབ་ཡོ་བྱད་ཇི་ལྟར་སྤྱོད་དགོས་མིན་སློབ་བཞིན་པ།

    འདི་ནི་མེ་གསོད་རོགས་སྐྱོབ་མི་སྣས་སྤྱི་དམངས་ལ་མྱུར་སྐྱོབ་རྩལ་ནུས་སློབ་བཞིན་པ།

    གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་གྱི་བདེ་འཇགས་ཤེས་བྱ་སྔར་བས་ཁྱབ་གདལ་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་རང་སྐྱོབ་རོགས་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་ཆེད། ཉིན་ཤས་བསྟུད་མར། གཞིས་རྩེ་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཆེན་གྱིས་སྣ་མང་ཕུན་སུམ་ཚོགས་པ་དང་ཁྱོན་ཡོངས་ལ་ཁྱབ་པའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་དང་ཚན་རིག་ཁྱབ་གདལ་བྱ་སྤྱོད་ཏན་ཏིག་སྤེལ་ནས། དམངས་ཡོངས་ཀྱིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལ་དོ་ཁུར་དང་མི་ཚང་མ་འཕྲལ་སྡོམ་འགོག་སྲུང་ནང་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

    ཉེ་ཆར། རུ་ཆེན་དེའི་མེ་གསོད་རོགས་སྐྱོབ་མི་སྣས་ཁོངས་གཏོགས་ཁུལ་གྱི་མི་སྣ་འདུ་འཛོམས་ཆེ་སར་བསྐྱོད་དེ་གནས་གཏན་འཁེལ་གྱི་དྲིལ་བསྒྲགས་དང་སྐོར་སྐྱོད་སྒྲོག་འགྲེལ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ས་གནས་ས་ཐོག་ཏུ་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད། ས་གནས་ས་ཐོག་ཏུ་མེ་གསོད་རོགས་སྐྱོབ་མི་སྣས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྤྲད་པ་དང་། མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་དང་། ས་ཡོམ་སྔོན་འགོག་དང་ཚོད་འཛིན། གནམ་ངན་གྱི་ཉེན་གཡོལ་སོགས་ཀྱི་གོ་ཆོད་ཤེས་བྱ་ངོ་ཐུག་གདོང་འཕྲད་ངང་འགྲེལ་བཤད་རྒྱག་པ་དང་། ས་གནས་ས་ཐོག་ཏུ་འཕྲལ་སྡོམ་རོགས་སྐྱོབ་ཡོ་བྱད་བེད་སྤྱོད་དང་། མེ་སྐྱོན་ཐོན་མ་ཐག་ཏུ་གསོད་པ། འཕྲལ་སྡོམ་ཁ་འགྲེམས་སོགས་གོ་ཆོད་རྩལ་ནུས་དཔེ་སྟོན་བྱེད་པ། མང་ཚོགས་ཀྱིས་བློ་འདྲི་བྱས་པའི་བདེ་འཇགས་ཀྱི་གནད་དོན་སྣ་ཚོགས་ལ་ངང་རྒྱུད་རིང་པོས་ལན་རྒྱག་པ། གོ་བདེ་ཤེས་སླ་དང་གོ་ཆོད་པའི་བདེ་འཇགས་ཤེས་བྱ་མང་ཚོགས་ཉེ་འགྲམ་དུ་སྒྲོག་འགྲེལ་བཅས་བྱས་ནས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཡོད།

    དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་ཆེད། རུ་ཆེན་གྱིས་ད་དུང་འབྲེལ་ཡོད་སྡེ་ཚན་དང་རང་འགུལ་ངང་མཐུན་སྦྱོར་བྱས་ཏེ། ཕྱོགས་མང་མཉམ་འགུལ་མཉམ་ལས་ལ་ཤུགས་སྣོན་དང་། སྤྱི་སྤྱོད་རླངས་འཁོར་བབས་ཚུགས་དང་། མི་སྣ་འདུ་འཛོམས་ཆེ་བའི་ཚོང་ལས་ཐང་ཆེན། གློག་བརྙན་ཁང་སོགས་ཀྱི་འགྲུལ་རྒྱུན་ཆེ་བ་དང་མང་ཚོགས་མང་པོ་འཛོམས་སའི་སྤྱི་པའི་འདུ་གནས་ལ་བརྟེན་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཀྱི་བརྙན་ལམ་ཡང་སྐོར་བསྐྱར་སྐོར་ངང་བསྟན་པ་རེད། ཐད་མཐོང་གསོན་ཉམས་ལྡན་པ་དང་གོ་བདེ་ཤེས་སླའི་བརྙན་པར་ལ་བརྟེན་ནས་གནོད་འཚེ་སྔོན་འགོག་དང་འཕྲལ་སྡོམ་ཉེན་གཡོལ་གྱི་ཤེས་བྱ་ཕྱོགས་ཡོངས་ནས་བརྒྱུད་སྤྲོད་བྱས་ཏེ། དྲ་ཕྱིའི་དྲིལ་བསྒྲགས་བྱ་ཡུལ་ཡོངས་ལ་ཁྱབ་པར་བྱེད་པ་དང་། ཚན་རིག་ཁྱབ་གདལ་གྱི་བརྒྱུད་བསྒྲགས་ཐབས་ལམ་ནུས་ལྡན་ངང་རྒྱ་ཆེར་བཏང་སྟེ། དམངས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཡོད།

    གཞན་ཡང་། རུ་ཆེན་གྱིས་སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་ཐབས་ལམ་ལ་གཞི་ཚུགས་ནས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་གྱི་བརྙན་ཐུང་ཞིབ་ཚགས་བཟོས་པ་དང་ནང་དོན་ཐད་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་དམ་པོར་དམིགས་ནས་གོ་བདེ་ཤེས་སླ་དང་གོ་ཆོད་རང་བཞིན་ཆེ་བའི་འགྲེལ་བཤད་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།