བོད་ལྗོངས་སྟོད་ལུང་བཙན་སྡོམ་ལོགས་བཅད་དུག་གཅོད་སུའོ་ཡིས་དུག་འགོག་དུག་གཅོད་ཀྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།
ཉེ་ཆར། བོད་ལྗོངས་སྟོད་ལུང་བཙན་སྡོམ་ལོགས་བཅད་དུག་གཅོད་སུའོ་ཡིས་ལྗོངས་ཡོངས་ཀྱི་དུག་འགོག་དུག་གཅོད་མྱོང་ཁྲིད་ཉེན་ཟོན་སློབ་གསོའི་རྟེན་གཞིའི་འཐབ་སའི་ནུས་པ་གང་ལེགས་བཏོན་ཏེ། སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་ལ་ཕྱོགས་ནས་བརྗོད་དོན་མངོན་གསལ་དོད་ཅིང་སྣ་མང་ཕུན་སུམ་ཚོགས་པའི་དུག་འགོག་དུག་གཅོད་ཀྱི་བཅའ་ཁྲིམས་ཁྱབ་གདལ་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས“དུག་འགོག་ལོ་རྒྱུས་དང་། དུག་རྫས་ཀྱི་རིགས། དུག་རྫས་ཀྱི་གནོད་འཚེ། དུག་རྫས་ཀྱི་གནས་སྟངས། དུག་རྫས་འགོག་ཟོན”བཅས་བརྗོད་དོན་གཙོ་བོ་ཆེན་པོ་ལྔར་དམིགས་ཏེ། མིག་སྔའི་དུག་འགོག་དུག་གཅོད་ཀྱི་ལས་ཀའི་དུས་བབ་ལ་འགྲེལ་བཤད་གཏིང་ཟབ་རྒྱག་པ་དང་། དྲིལ་བསྒྲགས་འགྲེམས་པང་དང་། འདྲ་བཟོས་དུག་རྫས་དཔེ་དབྱིབས། དེ་བཞིན་VRམཉམ་འགུལ་སྒྲིག་ཆས་སོགས་བརྒྱུད་སྲོལ་རྒྱུན་དུག་རྫས་དང་རྣམ་གསར་དུག་རྫས་ཀྱི་རིགས་མི་འདྲ་བའི་ཁྱད་ཆོས་དང་ལྐོག་ཏུ་ཁྱབ་སྤེལ་གཏོང་སྟངས་སོགས་ལ་གསལ་འགྲེལ་བྱས་ནས་དུག་རྫས་ཀྱིས་མིའི་ལུས་སེམས་བདེ་ཐང་དང་། ཁྱིམ་ཚང་གི་བདེ་སྐྱིད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཀྱི་གནོད་འཚེར་དབྱེ་ཞིབ་གཏིང་ཟབ་བྱས་ཡོད། ས་གནས་ས་ཐོག་ཏུ་ད་དུང་ཚང་མ་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་ཐོག་དུག་གཅོད་ཐུབ་པའི་དཔེ་མཚོན་བརྙན་ཐུང་བསྟན་ནས། སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གྱིས་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་བཙུགས་ཏེ། བཅའ་ཁྲིམས་ཡག་པོ་སྲུང་བར་ཁྲིད་སྟོན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།