དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སས་དུག་རྫས་ཀྱི་རྒྱུ་ཆའི་རྩི་ཤིང་འདེབས་འཛུཌ་བྱེད་མི་ཆོག་པའི་ཆེད་དོན་དྲིལ་བསྒྲགས་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-26

    དུག་རྫས་ཀྱི་རྒྱུ་ཆའི་རྩི་ཤིང་འདེབས་འཛུགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་འབྱུང་རྩ་ནས་དུག་འགོག་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་ཟླ་བ་4པའི་ཟླ་མཇུག་ནས་ཟླ་བ་11པའི་བར་དུས་ཡུན་ཟླ་8རིང་དུག་འགོག་གི་ཆེད་དོན་དྲིལ་བསྒྲགས་བྱ་སྤྱོད་སྤེལ་རྒྱུ་རེད།

    བྱ་སྤྱོད་སྤེལ་རིང་། དུག་འགོག་ཉིང་ལག་རུ་ཁག་སྡེ་ཁུལ་དང་སྤྱི་གླིང་སོགས་སུ་བསྐྱོད་དེ་འཕྲེད་འགེལ་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་། དུག་འགོག་ཀྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་དོགས་ཡོད་དྲི་བར་ལན་རྒྱག་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་མང་ཚོགས་ལ་དུག་རྫས་རྒྱུ་ཆ་སྣ་ཚོགས་དང་དེའི་ཁྱད་ཆོས་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པ་ཟད། ཁྲིམས་འགལ་ངང་རྒྱ་མེན་དང་སོ་མ་ར་ཙ་སོགས་དུག་རྫས་ཀྱི་རྒྱུ་ཆའི་རྩི་ཤིང་བཏབ་པར་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་ལུགས་དང་རྒྱལ་ཁབ་ཀྱིས་དུག་འགོག་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་བླང་བྱར་འགྲེལ་བཤད་ཞིབ་ཕྲ་རྒྱག་ཐུབ་པ་དང་། ངང་རྒྱུད་རིང་པོས་མང་ཚོགས་ལ་དུག་རྫས་དབྱེ་འབྱེད་དང་ཐེར་འདོན་བྱེད་སྟངས་སློབ་པ། མང་ཚོགས་ལ་དུག་རྫས་ཀྱི་གནོད་འཚེ་གསལ་པོ་ཤོད་པ། ཁྲིམས་འགལ་ངང་འདེབས་པ་བཀག་འགོག་བཅས་བྱས་ནས་རང་འགུལ་ངང་དུག་འགོག་གི་བྱ་སྤྱོད་ནང་ཞུགས་པར་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།