བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི།
2026ལོའི་དུས་ཐེངས་གཉིས་པའི་ཅིང་སི་ཉེན་རྟོག་པ་ཅིང་ཏུའུ་ཉེན་རྟོག་པའི་ལས་ཐོབ་ལ་སྤོར་བའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

འདི་ནི་བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་2026ལོའི་དུས་ཐེངས་གཉིས་པའི་ཅིང་སི་ཉེན་རྟོག་པ་ཅིང་ཏུའུ་ཉེན་རྟོག་པའི་ལས་ཐོབ་ལ་སྤོར་བའི་གསོ་སྦྱོང་འཛིན་གྲྭའི་གསོ་སྦྱོང་གི་སློབ་འགོ་ཚུགས་པའི་སློབ་ཚན་འཚོག་བཞིན་པ།
ཉེ་ཆར། བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་2026ལོའི་དུས་ཐེངས་གཉིས་པའི་ཅིང་སི་ཉེན་རྟོག་པ་ཅིང་ཏུའུ་ཉེན་རྟོག་པའི་ལས་ཐོབ་ལ་སྤོར་བའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་ཤིང་། སྤྱི་ཁྱབ་ས་ཚིགས་ཀྱི་གཞི་རིམ་ཚན་པ་ཁག་ནས་ཡོང་བའི་མི་དམངས་ཉེན་རྟོག་པ་168གཅིག་སྡུད་ཐོག་སྦྱོང་བརྡར་ནང་ཞུགས་ནས་དུས་ཡུན་ཉིན་15ཡི་ལས་བྲལ་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ནང་བོད་ཀྱི་གནས་སྤོས་ཡུལ་མི་དོ་དམ་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་གཞི་རིམ་གྱི་འཐབ་ས་དང་པོའི་མི་དམངས་ཉེན་རྟོག་པས་འགན་འཁྲི་སྒྲུབ་པའི་དགོས་མཁོར་དམ་པོར་དམིགས་ནས། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་། སྲིད་ཇུས་ཁྲིམས་སྲོལ། ལྟེ་བའི་ལས་སྒོའི་རྩལ་ནུས། གྲངས་གཞི་ཆེན་པོའི་མི་ཐབས་རིག་ནུས་ཉེར་སྤྱོད་སོགས་འགག་རྩའི་ཁྱབ་ཁོངས་མང་པོའི་སློབ་ཚན་བཀོད་སྒྲིག་བྱས་ཏེ། གསོ་སྦྱོང་ནང་ཞུགས་མཁན་མི་དམངས་ཉེན་རྟོག་པས་ཏང་ལ་ལྷག་བསམ་རྣམ་དག་དང་མཐའ་སྲུང་དམངས་དོན་གྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ་དང་། མི་དམངས་ཉེན་རྟོག་པའི་ལས་སྒོའི་རྩལ་ནུས་དངོས་ཆེ་རུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།