དབུ་ཤོག>ཁྲིམས་ལུགས།
  • 2026ལོའི་དུས་ཚིགས་གཉིས་པའི་རང་སྐྱོང་ལྗོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་གྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-23

    ཟླ་5ཚེས་21ཉིན། 2026ལོའི་དུས་ཚིགས་གཉིས་པའི་རང་སྐྱོང་ལྗོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་ཚོགས་འདུ་ལྷ་སར་འཚོཌ་ཤིང་། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། དུས་ཚིགས་གཉིས་པའི་ཀྲུང་དབྱང་ངོས་ཀྱི་ཆེད་དོན་ལས་དོན་ལམ་སྲོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད། ལས་ཀའི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་འགན་བཀོད་སྒྲིག་ཀྱང་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀུང་ཧུའེ་ཚའེ་ཡིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ་ཚུགས་གནས་དེ་བས་མཐོ་པོས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། མ་ལག་རང་བཞིན། ཡུན་རིང་རང་བཞིན་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་མཐུན་རྐྱེན་མུ་མཐུད་སྦྱོར་དགོས། གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས་བྱེད་ཐབས་སྔར་བས་ཏན་ཏིག་ལ་བརྟེན་ནས་ཁུར་པོ་ཡང་དུ་གཏོང་བའི་ལས་འགན་ནུས་ཆེ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། འགན་འཁྲིའི་འབྲེལ་ཐག་དམ་དུ་བཏང་ནས་མཉམ་ཤུགས་སྔར་བས་ཆེ་བར་བརྟེན་ཏེ་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གྱི་མཐུན་སྦྱོར་མ་ལག་འཛུགས་དགོས། རིམ་ཁག་སྡེ་ཚན་ཁག་གིས་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་རྒྱུན་གཏན་ནང་ཁྱབ་པ་དང་རྒྱུན་དུ་དམ་འཛིན་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་གཏིང་ཟབ་དང་ཏན་ཏིག་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།