ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ནོར་དོན་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།
ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ནོར་དོན་དོ་དམ་དང་གཞི་རྩའི་འཛུགས་སྐྲུན་སོགས་ཐད་ཀྱི་ལས་སྒོའི་ཆུ་ཚད་དང་འགན་འཁྲི་སྒྲུབ་ནུས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ལས་ཀའི་བརྒྱུད་རིམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་གཏོང་བ། ནོར་དོན་དང་གཞི་རྩའི་འཛུགས་སྐྲུན་གྱི་ལས་སྒོ་ནུས་ཆེ་དང་། སྤྱོད་གཙང་། བདེ་འཇགས་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ནོར་དོན་གཞི་རྩའི་འཛུགས་སྐྲུན་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་བ་དང་། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)དང་རྫོང(གྲོང་ཁྱེར་དང་ཆུས)ཁག་གི་ཁྲིམས་འཛིན་ཅུས་ཀྱི་ལས་དོན་མི་སྣ་དང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཐད་གཏོགས་ཚན་པའི་ནོར་དོན་དང་གཞི་རྩའི་འཛུགས་སྐྲུན་ལས་དོན་མི་སྣ་ཁྱོན་མི་108ད་ཐེངས་ཀྱི་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནང་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ནོར་དོན་དང་རྨང་གཞིའི་འཛུགས་སྐྲུན་གྱི་ལྟེ་བའི་ལས་སྒོ་ཆེན་པོ་གཉིས་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྲིད་གཞུང་གི་ཉོ་སྒྲུབ་དང་ནོར་དོན་ཞིབ་བཤེར། སྔོན་རྩིས་དོ་དམ་གཞི་གཅིག་ཅན་གྱི་དངོས་སྦྱོང་། གཞུང་ཁོངས་རྒྱུ་ནོར་དོ་དམ་དང་བེད་སྤྱོད། གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཡིག་ཐོག་སྙན་ཞུ་དང་ལག་བསྟར་བཀོལ་སྤྱོད་བརྒྱུད་རིམ། ལོ་འཁོར་གྱི་སྤྱི་ལ་དབང་བའི་སྡོད་ཁང་ཉམས་གསོའི་རྣམ་གྲངས་ལག་བསྟར་བརྒྱུད་རིམ་སོགས་ལ་དམིགས་ནས་སློབ་ཁྲིད་བྱས་པ་དང་། ཨར་ལས་བྱ་ཡུལ་གྱི་དོ་དམ་ཞིབ་སྲོལ་སོགས་འབྲེལ་ཡོད་སྲིད་ཇུས་ཡིག་ཆར་གསལ་འགྲེལ་བྱས་པ་མ་ཟད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཀྲུང་དབྱང་གི་གཏོང་སྤྲོད་མ་དངུལ་སྤོ་སྒྱུར་གྱི་སྲིད་ཇུས་དང་བྱེད་ཕྱོགས་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པར་སློབ་མ་ཡོངས་ཀྱི་མགྲིན་གཅིག་ཏུ་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།