རང་ལྗོངས་ཀྱི་སྡེ་ཚན་མང་པོས《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་མཉམ་དུ་སྤེལ་བ།
《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད། ཟླ་5ཚེས་13ཉིན། རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གིས་རང་སྐྱོང་ལྗོངས་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གི་ཁོངས་མིའི་ཚན་པ་སོགས་འབྲེལ་ཡོད་ཚན་པའི་འབྲེལ་ཡོད་འགན་ནུས་སྡེ་ཚན་ཁྱོན་20དང་མཉམ་དུ་ལྷ་ས་གྲོང་ཁྱེར་ཁྲིམས་སྐྱོང་ཡིག་འབུལ་ཞུ་བཅར་བརྗོད་དོན་གཙོ་བོའི་སྤྱི་གླིང་དུ《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་4འཁོར་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་འཕྲེད་འགེལ་སྦྱར་ཡིག་མང་པོ་གྲལ་འགྲིག་པོར་བཀལ་བ་དང་གོ་བདེ་ཤེས་སླའི་ཁྲིམས་སྐྱོང་དྲིལ་བསྒྲགས་འགྲེམས་པང་གོ་རིམ་ལྡན་པའི་ངང་བསྒྲིགས་ཤིང་། སྡེ་ཚན་ཁག་གི་དྲིལ་བསྒྲགས་སྒྲོག་ཙེའི་ཐོག《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》གི་ལག་དེབ་དང་ཡིག་འབུལ་ཞུ་བཅར་ཁྲིམས་སྐྱོང་ཅན་གྱི་དྲིལ་བསྒྲགས་ཡིག་རིགས་སོགས་གྲལ་འགྲིག་པོར་བཞག་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ས་ཚིགས་བཙུགས་ནས་དྲིལ་བསྒྲགས་བྱེད་པ་དང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ། སྐད་འཕྲིན་སྤྱི་རྟགས་ནས་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་ཆབས་ཅིག དྲ་ཐོག་གི་ཡིག་འབུལ་ཞུ་བཅར་ལས་སྟེགས“བོད་བདེའི་ཞུ་བཅར”གཙོ་གནད་ཐོག་ཁྱབ་གདལ་བཏང་ནས་དྲ་ཐོག་དང་དྲ་ཕྱིའི་ཡིག་འབུལ་ཞུ་བཅར་ཡག་པོ་ཐུབ་པར་བྱས་ཡོད། བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་ཁྲི་1ལྷག་ཙམ་དང་དྲིལ་བསྒྲགས་ཡིག་རིགས་8000ལྷག་ཙམ་སྤྲད་དེ། ལྗོངས་ཡོངས་ཀྱི《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། ཡིག་འབུལ་ཞུ་བཅར་ཁྲིམས་སྐྱོང་ཅན་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།